འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱུག་པོ་ཆགས་ཀྱང་ཡུལ་མི་སྤུན་མཆེད་བརྗེད་མེད། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་18ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཕྱུག་པོ་ཆགས་ཀྱང་ཡུལ་མི་སྤུན་མཆེད་བརྗེད་མེད།
         མི་དམངས་དྲ་བའི་འཕྲིན། ཚེ་རིང་སྒྲོན་ལགས་ནི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་སླེའུ་ཤང་རྫི་ལུང་གྲོང་ཚོའི་ཞིང་པ་ཞིག་ཡིན་པ་དང་ཆུང་དུས་ནས་འཐག་ལས་ལ་དགའ་པོ་ཡོད། 2013ལོར་ཚེ་རིང་སྒྲོན་ལགས་དང་ཁོང་གི་ཚོགས་པས་འཐག་ཁྲི་ཁ་ཤས་ཉོས་ཏེ་རྒྱ་ཁྱོན་སྨི་ངོས་གྲུ་30ལས་མེད་པའི་འཁོར་ཁང་དུ་ལས་གཏོད་བྱེད་འགོ་ཚུགས། ལོ་ཁ་ཤས་ཀྱི་འབད་བརྩོན་དང་འབྲེལ་ཡོད་སྡེ་ཚན་གྱི་ཤུགས་ཆེའི་རོགས་སྐྱོར་འོག འབབ་འཕར་ཕྱུག་འགྱུར་བྱུང་བ་མ་ཟད། ཁོང་ཚོས་བསླས་འཐག་མཉམ་ལས་ཁང་ཡང་བཙུགས་ཡོད།
         ཕྱུག་པོ་ཆགས་པའི་ཚེ་རིང་སྒྲོན་ལགས་ཀྱིས་ཡུལ་མི་སྤུན་མཆེད་མ་བརྗེད་པར་2014ལོ་ནས་བཟུང་མཉམ་ལས་ཁང་གིས་ལོ་ལྟར་སྒོར་ཁྲི་2བཏོན་ནས་ཤང་ཡོངས་ཀྱི“འགན་ལེན་ལྔའི་དུད་ཚང”དང་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་སོགས་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་འཚམས་འདྲི་བྱས་པ་དང་འབྲེལ་ཞིང་པ་45ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པའི་ནང་དུད་ཚང་དབུལ་པོས་98%བཟུང་ཞིང་། འདི་ནི་མཉམ་ལས་ཁང་གི་ལས་མིས་འཁོར་ཁང་ནང་སྤུན་འཁེལ་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།