འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།གངས་ལྗོངས་ས་མཐོའི“མིང་བྱང”གྲགས་ཅན། 

    བོད་རིགས་ཨ་ཁུ་ཏང་ཡོན་དང་ཁོང་གིས་བཙུགས་པའི་ཁྱིམ་ཚང་མགྲོན་ཁང་། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་13ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།གངས་ལྗོངས་ས་མཐོའི“མིང་བྱང”གྲགས་ཅན།
         མགྲོན་པོ་ཐོན་སྐབས། ཕུན་ཚོགས་ཀྱིས་མིང་བྱང་ཆུང་ངུ་ཞིག་ལག་གཉིས་ཀྱིས་མགྲོན་པོར་སྤྲོད་ཀྱི་ཡོད། དེ་ལྟར་ཉིན་གཅིག་བཞིན་རྒྱུན་མི་ཆད་པར་བྱས་སྟབས། “ཕུན་ཚོགས་ཁྱིམ་ཚང་མགྲོན་ཁང”ཞེས་པའི་མིང་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་བརྒྱུད་ཀྲུང་གོའི་ཡུལ་གྲུ་གང་སར་སྐད་གྲགས་ཆོད།
         ཕུན་ཚོགས་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གི་གྲོང་མི་ཡིན། ས་བབ་མཐོ་ཚད་སྨི་3300ཟིན་པའི“ཀྲུང་གོའི་ཆེས་མཛེས་པའི་ཡུལ་ལྗོངས་ལམ་ཆེན”རྒྱལ་ལམ་318འགྲམ་དུ་གནས་པའི་བཀྲ་ཤིས་སྒང་དེ། མཐའ་བཞི་གངས་རིས་བསྐོར་བ་དང་ནགས་ཀླུང་སྟུག་པོས་ཁེབས་ཡོད་པས་ངེས་པར་དུ་ཡུལ་སྐོར་དུ་འགྲོ་དགོས་ངེས་ཀྱི་གནས་ཤིག་ཏུ་གྱུར།
         1950ལོར་སྐྱེས་པའི་ཕུན་ཚོགས་སློབ་གྲྭ་འགྲིམ་པའི་གོ་སྐབས་བྱུང་མེད། ནར་སོན་རྗེས་རྒྱ་སྐད་སྦྱོང་ཞོར་རིག་གནས་ཤེས་བྱའང་ཕྲན་ཙམ་སྦྱངས། སྒྱུར་བཅོས་སྒོ་དབྱེའི་དྲོད་རླུང་ས་མཐོར་ལྡང་རྗེས་ལུང་ཁུག་ཡིན་པའི་བཀྲ་ཤིས་སྒང་དུ་ཡུལ་སྐོར་ལ་ཡོང་མཁན་ཇེ་མང་དུ་སོང་། དང་ཐོག་ཕུན་ཚོགས་ཀྱིས་ཡུལ་མི་གཞན་དང་འདྲ་བར་ཡུལ་སྐོར་བ་རྟ་ལ་བསྐྱོན་ནས་གནས་བཤད་རྒྱག་པའི་ལས་ཀ་བྱས།
         “རྗེས་སུ་ཡུལ་སྐོར་བ་འགས་གྲོང་ཚོར་སྡོད་ས་ཡོད་མེད་འདྲི་སྐབས། བཙོག་པ་མ་རེད་སྙམ་ཚེ། ངའི་ཁྱིམ་ལ་བསྡད་ན་ཆོག”ཅེས་1998ལོར་ཕུན་ཚོགས་ཀྱིས་གྲོང་ཚོའི་ནང་ཉལ་ཁྲི་བརྒྱད་ལས་མེད་པའི་ཁྱིམ་ཚང་མགྲོན་ཁང་ཐོག་མར་འཛུགས་སྐབས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་བཞིན་དེ་ལྟར་བཤད།
         ཕུན་ཚོགས་ཀྱིས་ཞབས་ཞུའི་གྲོན་དངུལ་གོང་ཁེ་བའི་ཐོག་ནས་མགྲོན་པོ་བཀུག་པ་མ་ཟད། བོད་རིགས་ཀྱི་བབ་ཆགས་དང་སེམས་རྩ་འཁོལ་པོས་ཡུལ་སྐོར་བ་དགའ་པོ་ཡོང་བ་བྱེད་ཀྱི་ཡོད།
         ཕུན་ཚོགས་ཀྱིས་མགྲོན་པོར་སེམས་རྩ་འཁོལ་བའི་མིང་གྲགས་གང་སར་ཆོད་པར་བརྟེན། ལོ་མང་ནང་ཧྥ་རན་སེ་དང་། ཨ་རི། མ་ལེ་ཞི་ཡ། སེང་ཀ་ཕོར། རི་པིན་སོགས་ནས་ཡུལ་སྐོར་བ་བུང་བའི་ཚོགས་བཞིན་འཁོར་འོང་།
         ད་ཆ་ཕུན་ཚོགས་ཁྱིམ་གྱིས་སྒོ་རའི་ནང་བོད་བཟོའི་ཐོག་བརྩེགས་ཉིས་ལྡན་གྱི་ཁང་པ་སྟར་པ་གསུམ་བརྒྱབ་ནས་མཛེས་བཟོ་དང་འཛིན་ཆས་ཀྱང་དེ་གའི་ས་གནས་ཡུལ་སྲོལ་དང་ཁྱད་ཆོས་མངོན་པར་བྱས་ཡོད་ལ། སྡོད་སའི་ཉལ་ཁྲིའང་53བར་མང་དུ་བཏང་ཡོད།
         ལོ་62ལ་སླེབས་སྐབས་ཕུན་ཚོགས་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།
         བཀྲ་ཤིས་སྒང་ལ་ཐེམ་དུད་68དང་། མི་གྲངས་311ཏང་ཡོན་44ཡོད་པའི་ནང་། ཕུན་ཚོགས་ནི་ཁོང་ཚོའི་ཁྲོད་ཏང་ལ་ཞུགས་ནས་ཡུན་རིང་མ་སོང་བའི་ལོ་ན་རྒན་ཤོས་དེ་ཡིན་པ་རེད།
         “མི་གཅིག་ཕྱུག་པོ་ཆགས་ན་ཕྱུག་པོ་མིན། གྲོང་ཚོའི་མི་ཚང་མ་ཕྱུག་པོ་ཆགས་ན། དངོས་གནས་འབྱོར་འབྲིང་ལ་སླེབས་པ་ཡིན”ཞེས་བརྙན་འཕྲིན་བལྟ་རྒྱུ་དང་རླུང་འཕྲིན་ཉན་རྒྱུར་དགའ་བའི་ཕུན་ཚོགས་ཀྱིས་དེ་ལྟར་ཤོད་ཀྱི་ཡོད། གྲོང་ཚོའི་ནང་གི་འཚོ་བར་དཀའ་ངལ་ཆེ་བའི་དུད་ཚང་ངམ་ཡང་ན་ས་གནས་གཞན་ལ་ས་ཡོམ་སོགས་གནོད་འཚེ་ཆེན་པོ་ཕོག་པར་རོགས་པ་བྱེད་པའི་ཞལ་འདེབས་རྒྱག་སྐབས། གྲོང་ཚོའི་ནང་ནས་ཞལ་འདེབས་རྒྱག་མང་ཤོས་ནི་ཕུན་ཚོགས་ཡིན་པ་རེད།
         ཕུན་ཚོགས་ཁྱིམ་གྱིས་དཔེ་སྟོན་སྣེ་ཁྲིད་བྱས་པར་བརྟེན་ད་ཆ་རྒྱལ་ལམ་318བརྒྱུད་ནས་བཀྲ་ཤིས་སྒང་དུ་འགྲོ་བའི་ལམ་ཁར་ལམ་རྟགས་ཆེན་པོ་ཞིག་བཟོས་ཡོད། དེ་ནས་ཨར་འདམ་ལམ་གྲོང་ཚོའི་ནང་དུ་བཏིང་ཡོད་པ་དང་། བོད་བཟོའི་ཁང་པ་ཆེ་ཆུང་སྣ་ཚོགས་ལམ་གྱི་གཡས་གཡོན་ལ་བརྒྱབ་ཡོད་པས། ཁྱིམ་ཚང་མགྲོན་ཁང་གི་མིང་བྱང་ཡང་གཅིག་ལས་གཅིག་མངོན་གསལ་དོད་པ་ཡོད།
         ཕུན་ཚོགས་ཀྱིས་ད་ཆ་གྲོང་ཚོར་ཁྱིམ་ཚང་མགྲོན་ཁང་43ཡོད་པ་དང་ཉལ་ཁྲི་997ཡོད། ན་ནིང་ངས་མགྲོན་པོ་ཉིས་སྟོང་སུམ་སྟོང་ཙམ་ལ་སྣེ་ལེན་བྱས་པར་ལོར་ཡོང་འབབ་སྒོར་ཁྲི་30ལ་ཉེ་བ་བྱུང་ཞེས་བཤད།
         གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཚེ་རིང་གིས། གྲོང་ཚོ་དེ་ཡོངས་ཀྱི་ལོའི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་200ལྷག་ཙམ་ཟིན་ནས་ལོར་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་2ལས་བརྒལ་ཡོད། “ད་ཆ་ཏང་འཛུགས་སྐྱོང་ལ་གཏོང་ཆ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱང་ཇེ་ཡག་ཏུ་འགྲོ་བའི་སྐབས། ཕྱིས་འབྱུང་བོད་ཀྱི‘མིང་བྱང’དུ་གྱུར་པའི་ཏང་ཡོན་བཟང་པོ་ཕུན་ཚོགས་འདྲ་བ་མང་པོ་ཐོན་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་བཤད།
    ༄༅།།གངས་ལྗོངས་ས་མཐོའི“མིང་བྱང”གྲགས་ཅན།
    ༄༅།།གངས་ལྗོངས་ས་མཐོའི“མིང་བྱང”གྲགས་ཅན།
      

    ཕྱོགས་བསྡུས་གསར་འགྱུར།