འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་སྲོལ་རྒྱུན་ཟློས་གར་《འགྲོ་བ་བཟང་མོ་》པེ་ཅིང་མི་རིགས་རིག་གནས་ཕོ་བྲང་
    དུ་འཁྲབ་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་15ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ཀྱི་སྲོལ་རྒྱུན་ཟློས་གར་《འགྲོ་བ་བཟང་མོ་》པེ་ཅིང་མི་རིགས་རིག་གནས་ཕོ་བྲང་
དུ་འཁྲབ་སྟོན་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་14ཉིན་གྱི་དགོང་མོར།  "རྒྱལ་ཡོངས་གཞི་རིམ་ཟློས་གར་ཁང་དང་གླུ་གར་ཚོགས་པའི་ཟློས་གར་མཉམ་འཛོམས་འཁྲབ་སྟོན་"གྱི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཞོལ་དམངས་ཁྲོད་ལྷ་མོ་སྒྱུ་རྩལ་ཚོགས་པས་སྲོལ་རྒྱུན་གྱི་ལྷ་མོའི་ཟློས་གར་《འགྲོ་བ་བཟང་མོ་》ཞེས་པ་པེ་ཅིང་གི་མི་རིགས་རིག་གནས་ཕོ་བྲང་དུ་འཁྲབ་སྟོན་བྱས་པ་རེད། ཐེངས་འདིའི་ཟློས་གར་གྱི་འཁྲབ་སྟོན་ནི་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིག་གནས་པུའུ་གཉིས་ཀྱིས་གཙོ་གཉེར་བྱས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་དྲིལ་བསྒྲགས་པུའུ་བཅས་ཀྱིས་གཉེར་འགན་འཁུར་བ། ཀྲུང་གུང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུ་ཡོན་ལྷན་ཁང་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་སྲིད་གཞུང་བཅས་ཀྱིས་རོགས་གཉེར་བྱས་པ་རེད། 
         ཟློས་གར་འདི་ཉིད་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞོལ་དམངས་ཁྲོད་ལྷ་མོ་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པ་ཡིན་ལ། དེའི་ནང་དོན་ནི་རྒྱལ་པོ་ཀཱ་ལ་དབང་པོས་རི་དྭགས་རྔོན་པའི་སྐབས་སུ་འགྲོ་བ་བཟང་མོ་དང་འཕྲད་ནས་བཙུན་མོར་བསུས་པ་དང་། འདྲེ་མོ་ཧ་ཅང་བདུད་མོ་ཕྲག་དོག་སྐྱེས་ཏེ་འགྲོ་བ་བཟང་མོ་ཕྲུ་གུ་བཙའ་བའི་དུས་ལ་སླེབས་པའི་སྐབས་སུ་རྫུ་འཕྲུལ་གྱིས་འགྲོ་བ་བཟང་མོར་ཉེས་འགལ་བྱས་པས། རྒྱལ་པོ་རྨོངས་ནས་འགྲོ་བ་བཟང་མོ་བྲག་ཕུག་ནང་དུ་བཅུག་པས་དེར་རྒྱལ་སྲས་དང་སྲས་མོ་བཙས་པ་རེད། འདྲེ་མོས་དུག་ཆང་དྲངས་ནས་རྒྱལ་པོ་གསོད་རྩིས་བྱེད་པའི་ལྐོག་ཇུས་ལྷང་ལ་བུད་པས་རྒྱལ་པོ་གློ་བུར་དུ་རྟོགས་སད་དེ་འདྲེ་མོར་སྲོག་ཁྲིམས་བཅད་ནས་རྒྱལ་སྲས་དང་སྲས་མོ་གཉིས་བསྐྱབས་པ་དང་། འགྲོ་བ་བཟང་མོ་མེ་ཏོག་པད་མར་གྱུར་ནས་བར་སྣང་དུ་འཕུར་བ་རེད། ཟློས་གར་འདིས་དགེ་སྡིག་དང་བཟང་ངན་བར་གྱི་འགལ་བ་གསལ་པོར་མཚོན་ནས་དྲང་བདེན་གྱིས་ངན་པ་ཕམ་པར་བྱེད་པའི་བརྗོད་བྱ་གཙོ་བོ་མངོན་གསལ་དུ་མཚོན་ཡོད་པ་རེད།
         འཁྲབ་སྟོན་ཡུལ་དངོས་སུ་ལྟད་མོ་བས་ཁེངས་ཤིང་། པེ་ཅིང་གྲོང་ཁྱེར་ནས་ཕེབས་མི་རིགས་སོ་སོའི་གྲོང་མི་ཚོས་རྒྱལ་ས་པེ་ཅིང་ནས་བོད་ཀྱི་སྲོལ་རྒྱུན་ལྷ་མོའི་ཟློས་གར་གཟིགས་ཐུབ་བྱུང་བ་དང་། ཟློས་གར་གྱིས་ཚང་མའི་ཡིད་དབང་འཕྲོག་ཡོད་པ་མ་ཟད་ཧ་ལས་ཧང་སངས་པར་བྱས་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】
     
    【11】  【12】  【13】  【14】  【15】  【16】  【17】  【18】
    ༄༅།།བོད་ཀྱི་སྲོལ་རྒྱུན་ཟློས་གར་《འགྲོ་བ་བཟང་མོ་》པེ་ཅིང་མི་རིགས་རིག་གནས་ཕོ་བྲང་
དུ་འཁྲབ་སྟོན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།