འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་ཡིག་པར་ཁང་ཆེ་ཤོས་སྡེ་དགེ་པར་ཁང་གིས་དཔར་བརྐོའི་པར་འདེབས་
    རྟེན་རྫས་བཤམས་མཛོད་ཁང་འཛུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་15ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    སྡེ་དགེ་པར་ཁང་།
    སྡེ་དགེ་པར་ཁང་།
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཡོད་པའི་ཀྲུང་གོའི་བོད་ཡིག་པར་ཁང་ཆེ་ཤོས་སྡེ་དགེ་པར་ཁང་གིས་སྔར་གྱི་གནས་ཡུལ་མཐའ་འཁོར་དུ་དཔར་བརྐོའི་པར་འདེབས་རྟེན་རྫས་བཤམས་མཛོད་ཁང་བཙུགས་ཏེ་ས་གནས་དེ་གའི་ཡུལ་སྐོར་ཐོན་ལས་གསར་སྤེལ་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་དགོས་མཁོ་སྐོང་རྒྱུ་རེད། འཛུགས་གྲབས་ཡོད་པའི་རྟེན་རྫས་བཤམས་མཛོད་ཁང་དེས་སྡེ་དགེ་པར་ཁང་གི་དཔར་བརྐོའི་པར་འདེབས་ཀྱི་བྱ་རིམ་ཁག་སྟེ་པར་ཤིང་རྐོ་བ་དང་། པར་འདེབས་བྱེད་པ། ཤོག་བུ་བཟོ་བ་སོགས་ཀྱི་བཟོ་རྩལ་འགྲེམས་སྟོན་བྱ་རྒྱུ་ཡིན་པ་མ་ཟད། བསྐྱར་རྐོ་བྱས་པའི་《བཀའ་བསྟན་འགྱུར་》གྱི་པར་ཤིང་ཁྲི་10དང་སྡེ་དགེ་པར་ཁང་གི་གསར་བརྐོས་པར་ཤིང་གཞན་དག་གསོག་ཉར་ཡང་བྱ་རྒྱུ་རེད།
          སྡེ་དགེ་པར་ཁང་ནི་1729ལོར་གསར་དུ་བཙུགས་ཤིང་། འདི་ནི་རང་རྒྱལ་དུ་ད་ལྟ་གཅེས་ཉར་བྱས་པའི་པར་ཤིང་གི་གྲངས་ཀ་མང་ཤོས་དང་། གཞི་རྒྱ་ཆེ་ཤོས་ཀྱི་བོད་ཡིག་པར་ཁང་ཞིག་རེད། པར་འདི་ནི་སྡེ་དགེ་དཔར་བརྐོའི་པར་འདེབས་རྟེན་རྫས་བཤམས་མཛོད་ཁང་གི་གྲུབ་རིས་རེད།
    དཔར་བརྐོའི་པར་འདེབས་རྟེན་རྫས་བཤམས་མཛོད་ཁང་གི་གྲུབ་རིས།
    དཔར་བརྐོའི་པར་འདེབས་རྟེན་རྫས་བཤམས་མཛོད་ཁང་གི་གྲུབ་རིས།
      

    ཕྱོགས་བསྡུས་གསར་འགྱུར།