འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཉོ་འཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཐོག་པདྨའི་གངས་ལྗོངས་བོད་ཇ་ཡིས་
    སྐུ་མགྲོན་ཚོའི་མིག་དབང་འཕྲོག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་14ཉིན། 16:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཧྲུའུ་ཅི་ལུའོ་ཧའེ་ཉིང་གིས་པད་མའི་གངས་ལྗོངས་བོད་ཇ་རོལ་མྱོང་བྱེད་པ།
    ཧྲུའུ་ཅི་ལུའོ་ཧའེ་ཉིང་གིས་པད་མའི་གངས་ལྗོངས་བོད་ཇ་རོལ་མྱོང་བྱེད་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་6ཚེས་20ཉིན། སྐབས་བཅུ་བདུན་པའི་ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་འཇོག་ཉོ་འཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་སྐབས་གསུམ་པའི་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སློང་འགྲན་བསྡུར་བྱེད་འགོ་ཚུགས་པའི་མཛད་སྒོ་ཟི་ལིང་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་པ་རེད། "མཉམ་འབྲེལ་སྒོ་འབྱེད། ལྗང་མདོག་འཕེལ་རྒྱས"ནི་སྐབས་འདིའི་ཉོ་འཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཡི་གླེང་གཞི་གཙོ་བོ་ཡིན་ལ། "ལྗང་མདོག"ནི་ཉོ་འཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཡི་བརྗོད་དོན་གཙོ་བོར་གྱུར་ཡོད། མགོ་ལོག་འགྲེམས་སྟོན་ཁང་གི་པད་མ་རྫོང་གི་འགྲེམས་སྟོན་ཁུལ་དུ་སྨན་རྩྭ་དང་དམངས་ཁྲོད་ལག་ཤེས་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྗས་མང་པོ་བཤམས་ཡོད་ལ། ཁྱད་པར་དུ་པད་མ་རྫོང་གངས་ལྗོངས་བོད་ཇ་ཐོན་ལས་གསར་སྤེལ་འགན་ལེན་ཚད་ཡོད་ཀུང་ཟིས་ཐོན་སྐྱེད་བྱས་པའི་གངས་ལྗོངས་བོད་ཇ་ཡིས་སྐུ་མགྲོན་ཀུན་གྱི་མིག་དབང་ཅིག་ཅར་དུ་འཕྲོག་ཅིང་ཡིད་ཀྱི་དང་བ་དྲངས། མི་མང་བོ་བོད་ཇའི་བཀྲམས་སྟེགས་མདུན་དུ་འཛོམས་ཏེ་བསྐྱུར་ཞིང་མངར་བའི་ཇ་ལྗང་དང་འཇམ་ཞིང་བརླན་པའི་ཇ་དམར་གྱི་བཅུད་ལ་རོལ་བཞིན་འདུག
    【1】  【2】  【3】
    པད་མའི་གངས་ལྗོངས་བོད་ཇ།
    པད་མའི་གངས་ལྗོངས་བོད་ཇ།
      

    ཕྱོགས་བསྡུས་གསར་འགྱུར།