འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།“2016·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལྷ་སར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་09ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པ་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཉེར་འགན་འཁུར་བའི“2016·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ཚེས་7ཉིན་ལྷ་སར་འགོ་ཚུགས་པ་རེད།
          ད་ཐེངས་ཀྱི་གླེང་སྟེགས་ཐོག“བོད་ཀྱི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད”བཅས་བརྗོད་དོན་གཙོ་བོར་བྱས་པ་དང་འབྲེལ“གསར་གཏོད་འཕེལ་རྒྱས། གོ་སྐབས་དང་གདམ་ག”དང“མཐུན་སྦྱོར་འཕེལ་རྒྱས། སྲོལ་རྒྱུན་དང་དེང་རབས་སྦྲེལ་མཐུད” “ལྗང་མདོག་འཕེལ་རྒྱས། མི་མངོན་པའི་སྟོབས་ཤུགས་དང་ལེགས་ཆ་འདོན་སྤེལ”“སྒོ་དབྱེ་འཕེལ་རྒྱས། རྒྱུད་གཅིག་ལམ་གཅིག་གི་ཕུགས་འདུན་གསར་པ” “མཉམ་སྤྱོད་འཕེལ་རྒྱས། གནད་སྨིན་དབུལ་སྐྱོར་དང་དམངས་འཚོ་ལེགས་གཏོང”བཅས་གྲོས་གཞི་ལྔ་ལ་ཕྱེ་ཡོད། རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་130ཙམ་གྱིས་བོད་ཀྱི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི་ཆེད་ཐབས་འདོན་ཇུས་འབུལ་བྱས་པ་རེད།
          གླེང་སྟེགས་འགོ་མ་ཚུགས་གོང་། ཚོགས་ཞུགས་འཐུས་མིས་ལྷ་ས་དང་ལྷོ་ཁ་སོགས་ས་ཆར་གཟིགས་སྐོར་རྟོག་ཞིབ་གནང་བ་དང་འབྲེལ་ཞིང་དུད་དུ་བསྐྱོད་པ་དང་། གནད་སྨིན་དབུལ་སྐྱོར་གནས་སྤོས་བྱ་ཡུལ། ཐོན་ལས་གླིང་། སློབ་གསོའི་གྲོང་སོགས་ས་ཆར་ལྟ་སྐོར་བྱས་ཏེ་བོད་ཀྱི་དམངས་གཙོ་བཅོས་སྒྱུར་དང་གནད་སྨིན་དབུལ་སྐྱོར་དང་དེ་བཞིན་དཔལ་འབྱོར་དང་། སློབ་གསོ། རིག་གནས་སྲུང་སྐྱོང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་ནས་བོད་ཀྱི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཚོར་ཐུབ་པ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།