འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་བྲག་སོལ་རླངས་དང་སྣུམ་རླངས་ཀྱི་བརྟག་དཔྱད་ལ་ཚད་བརྒལ་ཆེན་པོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་09ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་7ཉིན་གྱི་སྔ་དྲོར་གསར་འགོད་པས་ཀྲུང་གོ་ས་གཤིས་བརྟག་ཞིབ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཅུས་དེས་ཀུའེ་ཀྲོའུ་ཞིང་ཆེན་ཙུན་དབྱི་གྲོང་ཁྱེར་གྱི་ཀྲེང་ཨན་རྫོང་ཨན་ཁྲང་གྲོང་རྡལ་དུ་དྲུས་པའི་ཨན་ཁྲང་གྲོང་རྡལ་གྱི་བྲག་སོལ་རླངས་ཁྲོན་པ་1ནས་ས་གཤིས་རིམ་པའི་བྲག་སོལ་རླངས་དང་སྣུམ་རླངས་ལ་ཚད་བརྒལ་ཆེན་པོ་བྱུང་ཡོད། དེ་ནི་ལོ་དྲུག་ཅུ་ལྷག་ཙམ་རིང་སི་ཁྲོན་གཤོངས་ས་ཕུད་པའི་ལྷོ་ཕྱོགས་ཀྱི་རྙོག་འཛིང་ཆེ་བའི་གྲུབ་གཞིའི་ཁུལ་ལ་ཚད་བརྒལ་ཆེན་པོ་བྱུང་ཐེངས་དང་པོ་ཡིན་པ་དང་། སྣུམ་རླངས་རྩད་ཞིབ་གྱི་ཁུལ་གསར་རྙེད་པས་བཟོ་ལས་ཀྱི་རླངས་ཞིང་གསར་པར་འགྱུར་རེ་ཡོད་པ་རེད།
         བརྟག་ཞིབ་བྱས་ནས་ཚད་བརྒལ་བྱུང་བ་དེས་ལོ་རྒྱུས་ཐོག་གི“ཐེངས་དང་པོ”མང་པོ་ཞིག་བཏོད་ཡོད། རྒྱ་མཚོའི་དིམ་བསགས་ས་ཁམས་ནས་ཚགས་དམ་རང་བྱུང་སོལ་རླངས་ཀྱི་གཏེར་ཁུངས་ཐོག་མར་རྙེད་པ་དེ་ནི་རང་རྒྱལ་དུ་སྣུམ་རླངས་ཀྱི་རིགས་གསར་པར་གཏོགས་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།