འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཐེབས་རྩ་དང་པོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་09ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་ཐོན་ལས་འཕེལ་རྒྱས་རྗེས་སུ་ལུས་པ་དང་མ་དངུལ་གྲབས་གསོག་དཀའ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་ཞིང་ཆེན་ནོར་སྲིད་ཐིང་མཉམ་འབྲེལ་ཐེབས་རྩ་དོ་དམ་ཀུང་སི་དང་བོད་སྨན་ཁེ་ལས་དང་མཉམ་དུ་བོད་སྨན་ཐོན་ལས་ཀྱི་འཕེལ་རྒྱས་ཐེབས་རྩ་བཙུགས་པ་རེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་བཀོད་པ་བརྒྱུད། མཚོ་སྔོན་ཞིང་ཆེན་བོད་སྨན་ཐོན་ལས་འཕེལ་རྒྱས་ཀྱི་ཐེབས་རྩ་བཙུགས་པ་དེའི་གཞི་ཁྱོན་སྒོར་དུང་ཕྱུར་10ཟིན་པ་དང་། དེ་ནི་ཞིང་ཆེན་དེའི་མི་རིགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཐེབས་རྩ་དང་པོ་དེ་ཡིན་པ་རེད། ཐེབས་རྩ་དེ་བཙུགས་པས་སྲོལ་རྒྱུན་ལེགས་ལྡན་ཐོན་ལས་གཞན་སྒྱུར་རིམ་སྤོར་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་། བོད་སྨན་གཙོ་ཁྲིད་ཐོན་ལས་དང་ཐོན་ལས་ཚོགས་པ་མགྱོགས་མྱུར་སྐྱེད་སྲིང་བྱེད་པ། བོད་སྨན་ཐོན་ལས་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཐེབས་རྩ་དེས་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ལག་ལེན་བསྟར་བའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་ཐོན་ལས་མཐོ་འབྲིང་ཕྱོགས་སུ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལ་དམིགས་ནས། བོད་སྨན་ཁེ་ལས་གཉེར་སྐྱོང་དོ་དམ་དང་མ་རྩ་འཁོར་རྒྱུག་ཆུ་ཚད་མཐོ་རུ་གཏོང་བ་དང་བོད་སྨན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་ཞབས་འདེགས་ཞུ་བ་བཅས་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།