འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུའེ་ཀྲོའུ་ཡིས་འདི་ལོ་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་ཁྱིམ་གཞིས་1000བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་19ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀུའེ་ཀྲོའུ་ཡིས་འདི་ལོ་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭར་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་ཁྱིམ་གཞིས་ཚད་གཞི་ཅན་1000མུ་མཐུད་བསྐྲུན་ཐོག་སློབ་གསོའི་གཅེས་སྐྱོང་གིས་ཀུན་ལ་ཁྱབ་རྒྱུ་རིམ་བཞིན་མངོན་འགྱུར་བྱས་ཏེ་གཞིས་ལུས་བྱིས་པའི་གཅེས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ་རེད།
         གསར་འགོད་པར་ཀུའེ་ཀྲོའུ་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་གསལ། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་ཁྱིམ་གཞིས་སྐྲུན་རྒྱུ་ཐད་སློབ་ཁང་རྙིང་པ་དང་། སློབ་ཁྲིད་ཀྱི་རམ་འདེགས་ཁང་པ། སྟོང་པར་ལུས་པའི་སློབ་མའི་ཉལ་ཁང་སོགས་རྒྱས་སྐྲུན་བྱས་ནས་བྱེད་སྒོ་སྤེལ་ཡུལ་དང་། དཔྱད་ཆས་སྒྲིག་ཆས། རིག་གནས་ལུས་རྩལ་ཡོ་བྱད། དྲིལ་བསྒྲགས་བྱེད་ས། ཁྱད་ལྡན་རྣམ་གྲངས་བཅས་མཁྲེགས་ཆས་ཐད་ཀྱི“ཡོད་པ་ལྔ”དང་། སྒྲིག་གཞི་འཐུས་ཚང་དང་། ལམ་ལུགས་འཐུས་ཚང་། འཆར་གཞི་འཐུས་ཚང་། དཔུང་ཁག་འཐུས་ཚང་། དཔྱད་གཞི་འཐུས་ཚང་བཅས་མཉེན་ཆས་ཐད་ཀྱི“འཐུས་ཚང་ལྔ”ཚང་བར་བྱེད་རྒྱུ་ཡིན་པ་རེད།
         ཀུའེ་ཀྲོའུ་ཞིང་ཆེན་སློབ་གསོ་ཐིང་གིས་ས་གནས་ཁག་ལ་གསར་དུ་སྐྲུན་རྒྱུའི་ཚད་གཞི་ཅན་གྱི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་ཁྱིམ་གཞིས་དེ་2016ལོའི་འོས་འགན་སློབ་གསོ་ཞན་པའི་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་སུ་གཏོང་རྒྱུ་དང་སློབ་གྲྭའི་ལོ་ཆུང་བྱིས་པའི་ཕོ་བྲང་འཛུགས་སྐྲུན་རྣམ་གྲངས་གཉིས་དང་ལྷན་སྦྱར་འཛུགས་སྐྲུན་བྱེད་དགོས་པ་དང་། 2013ལོ་དང་2014ལོར་བསྐྲུན་ཟིན་པའི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་ཁྱིམ་གཞིས་ཚད་གཞི་མ་ལོན་པའི་རིགས་ཀྱིས། མ་དངུལ་སོ་སོས་གྲབས་གསོག་བྱས་ནས་བླང་བྱ་ལྟར་རྒྱས་སྐྲུན་དང་ཡང་ན་ཚད་གཞི་མཐོ་རུ་གཏོང་བའི་འཛུགས་སྐྲུན་བྱེད་དགོས། དེ་དང་ཆབས་ཅིག་སྐྲུན་ཟིན་ནས་བེད་སྤྱོད་ཡག་པོ་ཐུབ་བཞིན་པའི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་ཁྱིམ་གཞིས་ལ་བྱ་དགའི་དངུལ་སྤྲོད་དགོས་ཞེས་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།