འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མོང་གོལ་རྒྱལ་ཁབ་ཀྱི་ནུབ་རྒྱུད་དུ་ལོ་སྟོང་སོང་བའི་བེམ་རོ་སྐམ་པོ་ཞིག་སྔོག་རྙེད་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་14ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    པར་དུ་བླངས་པའི་བེམ་རོ་སྐམ་པོ་དེའི་རྐང་པ།
    པར་དུ་བླངས་པའི་བེམ་རོ་སྐམ་པོ་དེའི་རྐང་པ།
         མི་དམང་དྲ་བའི་འཕྲིན། ཟླ་4ཚེས་13ཉིན་གསར་འགོད་པས་མོང་གོལ་རྒྱལ་ཁབ་ཁོ་པུའུ་ཏུའོ་ཞིང་ཆེན་གྱི་རྟེན་རྫས་བཤམས་མཛོད་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཁོ་པུའུ་ཏུའོ་ཞིང་ཆེན་གྱི་མོང་ཧོ་ཧའེ་ཨེར་ཧན་རྫོང་(科布多省蒙赫海尔汗县)དུ་མཐོང་རྒྱུ་དཀོན་པའི་ལོ་སྟོང་སོང་བའི་བེམ་རོ་སྐམ་པོ་ཆ་ཚང་བ་ཞིག་སྔོག་རྙེད་བྱུང་བ་དང་། བེམ་རོ་སྐམ་པོ་དང་མཉམ་དུ་རིག་དངོས་རྩ་ཆེན་ཁག་ཅིག་ཀྱང་སྔོག་འདོན་བྱུང་བ་རེད།
         ཟླ་འདིའི་ཟླ་འགོ་ལ། ས་གནས་དེ་གའི་གནའ་རྫས་རྟོག་ཞིབ་ཆེད་མཁས་པས་དུར་ས་དེར་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་བྱས་པ་རེད། མིག་སྔར་བེམ་རོ་སྐམ་པོ་དང་རིག་དངོས་དེ་དག་ཚང་མ་ཁོ་པུའུ་ཏུའོ་ཞིང་ཆེན་གྱི་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་ལ། བེམ་རོ་སྐམ་པོའི་ལུས་སུ་གོན་པའི་གོས་སོགས་ད་དུང་ཚང་མ་བླངས་མེད་ཅིང་། ཞིབ་འཇུག་མི་སྣས་སྔར་ལས་ཞིབ་ཆ་ལྡན་པའི་ཞིབ་འཇུག་དང་ཉམས་གསོའི་ལས་ཀ་བྱས་ནས་བེམ་རོ་སྐམ་པོའི་དོགས་གཞི་སྔར་ལས་མང་བ་གསལ་རྟོགས་བྱ་ཐབས་བྱེད་བཞིན་ཡོད་པ་རེད།
    【1】  【2】  【3】  【4】  【5】
    པར་དུ་བླངས་པའི་བེམ་རོ་སྐམ་པོ་དེའི་མཛུབ་མོ།
    པར་དུ་བླངས་པའི་བེམ་རོ་སྐམ་པོ་དེའི་མཛུབ་མོ།
      

    ཕྱོགས་བསྡུས་གསར་འགྱུར།