འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རྡོ་མཁར་གནའ་གྲོང་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་དུ་ཡིག་ཐོག་
    སྙན་ཞུ་འབུལ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་14ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླའི་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་དུས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྡོ་མཁར་གནའ་གྲོང་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་དུ་ཡིག་ཐོག་སྙན་ཞུ་འབུལ་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་དུ་ཡིག་ཐོག་སྙན་ཞུ་འབུལ་བའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད།
         རྡོ་མཁར་གནའ་གྲོང་འདི་ཉིད་ཐང་རྒྱལ་རབས་སྐབས་སུ་བསྐྲུན་པ་དང་ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ཇ་རྟ་ཚོང་ལམ་རིག་གནས་དང་། གསར་བརྗེའི་རིག་གནས། ཆོས་ལུགས་རིག་གནས་བཅས་ཕུན་སུམ་ཚོགས་པོ་ཡོད་པས་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་དུ་ཡིག་ཐོག་སྙན་ཞུ་འབུལ་བའི་ལས་དོན་དེ་ཁྱད་ལྡན་ལོ་རྒྱུས་རིག་གནས་ཁྲོད་ཚད་བརྒལ་བྱ་ཡུལ་འཚོལ་ཞིབ་བྱེད་པ་དང་སྦྲགས་ལོ་རྒྱུས་ཀྱི་སྐྲུན་དངོས་དང་རིག་དངོས་འཆར་འགོད་སྲུང་སྐྱོང་ཐད་ལའང་དུས་མཚུངས་སུ་སྐུལ་མ་གཏོང་བཞིན་ཡོད།
         2012ལོར་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྡོ་མཁར་གནའ་གྲོང་ལ་ཡུན་ནན་ཞིང་ཆེན་གྱི་ལོ་རྒྱུས་རིག་གནས་གནའ་གྲོང་གི་མིང་སྤྲད་པ་དང་2013ལོའི་ལོ་མཇུག་ཏུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་དུ་ཡིག་ཐོག་སྙན་ཞུ་འབུལ་རྒྱུའི་གྲ་སྒྲིག་བྱས་ནས་《རྡོ་མཁར་གནའ་གྲོང་གི་རྒྱལ་ཁབ་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་དུ་ཡིག་ཐོག་སྙན་ཞུ་འབུལ་བའི་ཡིག་ཆ་》དང་《རྡོ་མཁར་གནའ་གྲོང་སྲུང་སྐྱོང་འཆར་འགོད་》སྒྲིག་བཟོ་བྱས་ཏེ་སྔ་རྗེས་སུ་རིགས་གཅིག་མཁས་ཅན་གདན་ཞུ་བྱས་ནས་དཔྱད་ཞིབ་བྱས་པ་དང་ཉན་དཔང་ཚོགས་འདུ་འཚོགས་ཏེ་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་དུ་ཡིག་ཐོག་སྙན་ཞུ་འབུལ་བའི་ལེགས་ཆ་དང་མི་འདང་ས་འཚོལ་ཞིབ་དང་བློ་འདྲི་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།