འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།འབར་མར་ས་ཡོམ་རིམ་པ་7.2བྱུང་ནས་བོད་ལྗོངས་ཀྱི་ས་ཁུལ་ཁ་ཤས་སུ་ཡོམ་ཚོར་
    ཆེན་པོ་བྱུང་ཡང་མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་འབྱོར་མེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་14ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།འབར་མར་ས་ཡོམ་རིམ་པ་7.2བྱུང་ནས་བོད་ལྗོངས་ཀྱི་ས་ཁུལ་ཁ་ཤས་སུ་ཡོམ་ཚོར་
ཆེན་པོ་བྱུང་ཡང་མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་འབྱོར་མེད་པ།
         མི་དམངས་དྲ་བའི་འཕྲིན། 2016ལོའི་ཟླ་4ཚེས་13ཉིན་གྱི་ཆུ་ཚོད་21དང་སྐར་མ་55ཐོག་འབར་མ་རྒྱལ་ཁབ་ཁོངས་(འཕྲེད་ཐིག་བྱང་མ་ཏུའུ་23.14དང་གཞུང་ཐིག་ཤར་མ་ཏུའུ་94.87གྱི་མཚམས་སུ་)སུ་ས་ཡོམ་རིམ་པ་7.2བྱུང་བ་དང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་130ཡོད་པ་རེད། 
         ས་ཡོམ་འདིའི་ཡོམ་རླབས་ཀྱིས་བོད་ལྗོངས་ཀྱི་ལྷོ་ཁ་ས་ཁུལ་དང་ཉིང་ཁྲི་གྲོང་ཁྱེར་གཉིས་སུ་ཡོམ་ཚོར་ཆེན་པོ་བྱུང་བ་དང་། ལྷ་ས་གྲོང་ཁྱེར་དུ་ཡང་ཡོམ་ཚོར་གསལ་པོ་བྱུང་བ་རེད། གསར་འགྱུར་འདི་སྤེལ་བའི་བར་དུ་མི་སྣར་ཤི་རྨས་བྱུང་བ་དང་བཟོ་བཀོད་ལ་གཏོར་སྐྱོན་བྱུང་བའི་སྙན་ཞུ་འབྱོར་མེད་པ་རེད།
         ས་ཡོམ་བྱུང་རྗེས། བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆན་བྱས་ཤིང་། བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་མཐུན་བློ་བཟང་རྒྱལ་མཚན་གཉིས་ཀྱིས་དུས་དང་པོར་མཆན་བཀོད་མཛུབ་སྟོན་གནང་སྟེ་མགྱོགས་མྱུར་ངང་གནས་ཚུལ་ཞིབ་བསྡུར་དང་། གཙོ་གནད་ས་ཁུལ་གྱི་མི་སྣ་ཁ་འགྲེམས་པ། མྱུར་སྐྱོབ་གེགས་སེལ་གྱི་འཕྲལ་སྡོམ་གྲ་སྒྲིག་ལེགས་པོ་བཅས་བྱས་ནས་འཕྲོ་ལུས་ས་ཡོམ་དང་ཞོར་ཐོན་གནོད་འཚེ་ཁྲོད་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་སོགས་མི་འབྱུང་བའི་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས་པའི་བླང་བྱ་བཏོན་པ་རེད། དེ་དང་དུས་མཚུངས་སུ་འབར་མའི་ཕྱོགས་ཀྱི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱ་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།