འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།གཙོ་གནད་རྣམ་གྲངས་ཀྱིས་ཚྭ་འདམ་གྱི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ཁུལ་ཕྱོགས་
    སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་14ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་འབྲིང་གི་དུས་སུ་“ནོར་གཞོང”ཞེས་འབོད་པའི་མཚོ་སྔོན་གྱི་ཚྭ་འདམ་གཤོངས་སར་དཔྱིད་ཀྱི་རྣམ་པ་རབ་ཏུ་བཞད་པ་དང་སྦྲགས་དེ་གར་རྣམ་གྲངས་འཛུགས་སྐྲུན་བྱེད་མང་ཤོས་ཀྱི་དུས་ལ་སླེབས་ཡོད། ཉེ་ཆར། “ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་བཏང་ནས་ཕྱོགས་སྒྱུར་རིམ་སྤོར་བྱེད་མགྱོགས་སུ་གཏོང་བའི”འདུ་ཤེས་ལ་བརྟེན་ནས་ནང་འདྲེན་བྱས་པའི་གཙོ་གནད་རྣམ་གྲངས་400དུས་གཅིག་ཏུ་ཚྭ་འདམ་གྱི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ཁུལ་དུ་ལས་འགོ་བསྐྱར་འཛུགས་བྱས་པ་རེད།
         “ཚྭ་འདམ་གཤོངས་སའི་ཐུན་མོང་མ་ཡིན་པའི་རླུང་ནུས་དང་། འོད་ནུས། གཏེར་རྫས། ཡུལ་སྐོར་རིག་གནས་བཅས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་དེ་བཞིན་ད་ཡོད་ཀྱི་ཐོན་ལས་རྨང་གཞིར་བརྟེན་ནས‘ལོ་ལྔ་ཚན་བཅུ་གསུམ’པའི་རིང་ཚྭ་འདམ་ས་ཁུལ་གྱིས་ཐོན་ལས་དང་། རྨང་གཞིའི་སྒྲིག་བཀོད། ནོར་དཔལ། དམངས་འཚོ་བཅས་རིགས་ཀྱི་རྣམ་གྲངས་འབོར་ཆེན་འཆར་འགོད་བྱས་པ་མ་ཟད། ན་ནིང་ལོ་སྨད་ནས་བཟུང་ཚོང་འགུགས་མ་འདྲེན་བྱེད་སྒོ་ཚུགས་ཡོད། ད་རེས་གཅིག་སྡུད་ཐོག་ལས་འགོ་བསྐྱར་ཚུགས་ཀྱི་རྣམ་གྲངས་ཁག་དང་པོར་མ་དངུལ་སྒོར་དུང་ཕྱུར་1126བཏང་བ་དང་། 2016ལོར་སྒོར་དུང་ཕྱུར་480གཏོང་རྩིས་ཡོད”ཅེས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཀྲོའུ་ཀྲང་གཞོན་པ་ལེའང་ཡན་གོ་ཡིས་ངོ་སྤྲོད་བྱས་པ་རེད།
         མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་འཕེལ་སྒྱུར་ཨུ་ལྷན་གྱི་འགན་འཁུར་བས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་དང་སླད་ཕྱིན་དེ་བས་རིང་བའི་དུས་སྐབས་ཤིག་རིང་། མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བ་དང་ཐོན་ལས་ཁྱབ་ཚུལ་ལེགས་སུ་བཏང་ནས་འཁོར་སྐྱོད་དཔལ་འབྱོར་གྱི“སྤུས་ཚད་ལེགས་གཏོང་དང་ནུས་ཕྱོད་ཆེར་གཏོང”ལ་སྐུལ་འདེད་གཏོང་རྒྱུ་ནི་སྔར་བཞིན་ཚྭ་འདམ་གྱི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ཁུལ་ལ་འཕྲད་པའི་ལས་འགན་གཙོ་བོ་ཡིན། འདི་ལོ་ཁག་དང་པོའི་གཅིག་སྡུད་ལས་འགོ་བསྐྱར་ཚུགས་ཀྱི་གཙོ་གནད་རྣམ་གྲངས་400ཁྲོད། སྲོལ་རྒྱུན་ཐོན་ཁུངས་ཀྱི་རྣམ་གྲངས་གཅིག་ཀྱང་མེད། དེའི་ནང་མང་ཆེ་བ་ནི་ནུས་རྒྱུ་གསར་པ་དང་། རྒྱུ་ཆ་གསར་པ་སོགས་གསར་དར་ཐོན་ལས་རྣམ་གྲངས་དང་། འཁོར་སྐྱོད་དཔལ་འབྱོར“གུན་གསབ་སྦྲེལ་ཐག ”རྣམ་གྲངས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་བཅས་རེད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།