འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་པེ་ཅིང་དུ་གཤགས་བཅོས་ལམ་ལྷོངས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་14ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་པེ་ཅིང་དུ་གཤགས་བཅོས་ལམ་ལྷོངས་བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་12ཉིན་བོད་ལྗོངས་ནག་ཆུ་ས་ཁུལ་ཨ་མདོ་རྫོང་ནས་ཡིན་པའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་12པེ་ཅིང་ཨན་ཀྲེན་སྨན་ཁང་བྱིས་པའི་སྙིང་ཁམས་ལྟེ་གནས་སུ་སྙིང་གི་གཤགས་བཅོས་བྱས་པ་ལམ་ལྷོངས་བྱུང་ནས་ཡག་པོ་དྲག་ཡོད། འདི་ལོར་པེ་ཅིང་དུ་སྨན་བཅོས་བྱེད་པར་སྐྱོད་མཁན་བོད་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ཁག་དང་པོ་13ནང་ནས་གཅིག་གཤགས་བཅོས་བྱ་རྒྱུར་སྒུགས་པ་ཕུད་དེ་བྱིངས་རྣམས་གཤགས་བཅོས་བྱས་ཟིན་པ་དང་། ཁོང་ཚོའི་ཁྲོད་ཆུང་ཤོས་ལོ་6དང་ཆེ་ཤོས་ལོ་17ལ་སླེབས་ཀྱི་ཡོད། ད་ཐེངས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་གཟི་བརྗིད་བྱ་གཞག་ཐེབས་རྩ་ལྷན་ཚོགས་ཀྱིས་མ་དངུལ་བཏང་ནས་རོགས་སྐྱོར་བྱས་པའི་རོགས་སྐྱོབ་བྱ་སྤྱོད་ཅིག་ཡིན་པས་ན་ནིང་ནས་བཟུང་བོད་ནས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་དབྱེ་གསེས་བྱས་ཏེ་དུས་མཚམས་དང་ཁག་དབྱེ་ནས་པེ་ཅིང་ཨན་ཀྲེན་སྨན་ཁང་དུ་གཤགས་བཅོས་བྱེད་པར་བསྐྱལ་བ་རེད།
    ༄༅།།ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་པེ་ཅིང་དུ་གཤགས་བཅོས་ལམ་ལྷོངས་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།