འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་འོད་ཤུགས་གློག་ཀྲུང་གོའི་ཤར་རྒྱུད་དུ་ཐེངས་དང་པོ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་14ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3པར་མཚོ་སྔོན་གློག་དྲས་ས་ཁུལ་བརྒལ་བའི་བརྗེ་རེས་ཐོག་ནས་ཀྲུང་གོའི་ཤར་རྒྱུད་དུ་འོད་ཤུགས་གློག་ལྷག་མ་བསྡོམས་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་0.8ཐེངས་དང་པོ་བཏང་བས་མཚོ་སྔོན་གྱི་བསྐྱར་སྐྱེས་ཐོན་ཁུངས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་བཀོད་སྒྲིག་བྱ་རྒྱུ་ལེགས་འགྱུར་བྱུང་བ་རེད།
         ཚད་ལེན་ཞིབ་རྩིས་བྱས་པ་བརྒྱུད། ཕྱི་ཕྱོགས་སུ་འོད་ཤུགས་གློག་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་0.8བཏང་བ་དེས་ཚད་ལྡན་གྱི་རྡོ་སོལ་ཏུན་ཁྲི་0.98སྐྱེལ་གཏོང་བྱེད་པ་དང་མཚུངས་པས་དབྱང་གཉིས་ཐན་འགྱུར་ཏུན་ཁྲི་2.45ཉུང་འཕྲི་བྱས་ཡོད། བྱེད་ཐབས་དེས་མཚོ་སྔོན་གྱི་འོད་ཤུགས་ནུས་རྒྱུ་ཐེངས་དང་པོར་ས་ཁུལ་ལས་བརྒལ་ནས་ཕྱིར་གཏོང་ཐུབ་ཡོད་ལ། མཚོ་སྔོན་གློག་དྲའི་གློག་ཤུགས་འདྲེན་གཏོང་གི་སྣོན་ཤུགས་ནུས་ལྡན་ངང་གཞི་ལྷོད་དུ་བཏང་ཐུབ་པ་མ་ཟད། ཤར་རྒྱུད་ས་ཁུལ་དུའང་གཙང་ལ་གྲོན་ཆུང་ལྡན་པའི་གློག་སྤྱོད་ཐུབ་པ་བྱུང་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱི་ནུས་རྒྱུ་དང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། རྒྱལ་ཁབ་ཀྱི་ནུས་རྒྱུའི་རྟེན་གཞི་གལ་ཆེན་ཞིག་རེད་ལ། གོ་ལ་ཧྲིལ་པོའི་ནུས་རྒྱུ་དྲ་སྦྲེལ་འཐབ་ཇུས་ཁྲོད་མཚོ་སྔོན་གློག་དྲ་ནི་གཞི་ཁྱོན་ཆེ་བའི་བསྐྱར་སྐྱེས་ཐོན་ཁུངས་ཁྱབ་རྒྱ་ཆེན་པོའི་ཐོག་ནས་བཀོད་སྒྲིག་ལེགས་འགྱུར་བྱེད་པའི་གལ་ཆེའི་འགྲོ་ལམ་ཞིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།