འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་མུའུ་ཉི་ཧེ་རྒྱལ་སྤྱིའི་བཟོ་སྐྲུན་འཕྲུལ་ཆས་དངོས་མང་སྟོན་ཚོགས་ཐོག་ཉམས་
    དང་བཅས་ཐོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་14ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་11ཉིན་སྐབས་31པའི་མུའུ་ཉི་ཧེ་རྒྱལ་སྤྱིའི་བཟོ་སྐྲུན་འཕྲུལ་ཆས་དངོས་མང་སྟོན་ཚོགས་(པའོ་མ་འགྲེམས་ཚོགས་ཀྱང་བརྗོད་)འཇར་མན་གྱི་ལྷོ་རྒྱུད་གྲོང་ཁྱེར་མུའུ་ཉི་ཧེ་རུ་འགོ་ཚུགས་པ་རེད། ཀྲུང་གོའི་ཁེ་ལས་350ལྷག་ཙམ་སྐབས་འདིའི་འགྲེམས་ཚོགས་ལ་ཞུགས་པ་དེས་འགྲེམས་ཚོགས་ནང་ཞུགས་མཁན་ཚོང་པའི་བསྡོམས་འབོར་གྱི་བཅུ་ཆ་གཅིག་བཟུང་ཡོད།
         འགྲན་ཚོགས་དེ་ལོ་གསུམ་ལ་ཐེངས་རེ་གཉེར་གྱི་ཡོད་པ་དེ་ནི་གོ་ལ་ཧྲིལ་པོའི་ལས་རིགས་ཀྱི་དངོས་མང་སྟོན་ཚོགས་ཆེ་ཤོས་དེ་ཡིན་པ་རེད། འདི་ལོའི་འགྲེམས་སྟེགས་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་50ལས་བརྒལ་བ་དང་འགྲེམས་སྟོན་ནང་ཞུགས་མཁན་ཚོང་པ་3400དང་མི་གྲངས་ཁྲི་50ལས་བརྒལ་ཡོད། སྐབས་འདིའི་འགྲེམས་ཚོགས་ཚེས་17བར་གཉེར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།