འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།འཇར་མན་དུ་ཁྲའེ་ཡིའུ་སྣུམ་གྱི་རླངས་འཁོར་ལ་སྔར་བཞིན་དགའ་པོ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་14ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཏ་ཀྲུང་རྟགས་ཅན་རླངས་འཁོར་གྱི“འབུད་གཏོང་གནས་ཚུལ”གྱི་ཤུགས་རྐྱེན་ཕོག་ཀྱང་འཇར་མན་དུ་ཁྲའེ་ཡིའུ་སྣུམ་གྱི་རླངས་འཁོར་ལ་སྔར་བཞིན་དགའ་པོ་བྱེད་ཅིང་། འཇར་མར་རྒྱལ་ཕྲན་མཉམ་འབྲེལ་འཕྲུལ་སྒུལ་འཁོར་རིགས་དོ་དམ་ཅུས་ཀྱི་གྲངས་གཞི་ལས་མངོན་པར། 2015ལོར་འཇར་མན་གྱིས་རླངས་འཁོར་གསར་པ་ཁྲི་320ཐོ་འགོད་བྱས་པའི་ནང་ཁྲའེ་ཡིའུ་སྣུམ་གྱི་རླངས་འཁོར་གྱིས་48.0%བཟུང་བ་དེ་2014ལོ་དང་མཉམ་ཡོད་པ་རེད།
         དབྱེ་ཞིབ་བྱས་པར་གཞིགས་ན། རྒྱལ་སྤྱིའི་སྣུམ་རིན་ཡུན་རིང་དམའ་སར་གནས་པ་དེ་ནི་རྡོ་སྣུམ་རྫས་འགྱུར་སྣུམ་གྱི་རླངས་འཁོར་ལ་དགའ་པོ་བྱེད་པ་དེ་རྒྱུ་རྐྱེན་གྱི་གྲས་ཤིག་ཡིན་མོད། འོན་ཀྱང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་གི་ལེགས་ཆ་དེ་བས་མངོན་གསལ་དོད་ཅིང་། ཏུའུ་དབྱི་སི་པའོ་—ཨའེ་སེན་སློབ་ཆེན་གྱི་རླངས་འཁོར་ཞིབ་འཇུག་ལྟེ་གནས་ཀྱིས་ཚད་ལེན་ཞིབ་རྩིས་བྱས་པར་གཞིགས་ན། འཇར་མན་དུ་ཁྲའེ་ཡིའུ་སྣུམ་གྱི་རླངས་འཁོར་གྱི་སྣུམ་ཟད་གྲོན་གྱི་ཁྲལ་འཇལ་གྲངས་འབོར་དེ་རླངས་སྣུམ་ལས་ཡོ་སྒོར་སྐར་18.4ཡིས་དམའ་བ་ཡོད་པ་རེད།
         གྲངས་གཞི་ལས་མངོན་པར། 2014ལོ་དང་བསྡུར་ན་2015ལོར་འཇར་མན་གྱིས་ཐོ་འགོད་བྱས་པའི་རླངས་འཁོར་དེ་དུས་མཚུངས་ལས་ཁྲི་17མང་དུ་ཕྱིན་ནས་འཕར་ཚད་5.6%ཟིན་ཏེ་འཇར་མན་ཚོང་རྟགས་ཀྱི་རླངས་འཁོར་ཚང་མ་འཕར་བའི་རྣམ་པ་མངོན་འགྱུར་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།