འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་དང་མཉམ་འབྲེལ་རྒྱལ་ཚོགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་
    དང་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གིས“རྒྱུད་གཅིག་ལམ་གཅིག”གི་
    མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་14ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་12ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཕྱི་འབྲེལ་པུའུ་དང་མཉམ་འབྲེལ་རྒྱལ་ཚོགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་དང་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གིས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་ཚུལ་ངོ་སྤྲོད་གནང་བ་རེད།
         ལུའུ་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་4ཚེས་11ཉིན་པེ་ཅིང་དུ་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱིས་གདན་ཞུས་ལྟར་འཚམས་འདྲིར་ཕེབས་པའི་མཉམ་འབྲེལ་རྒྱལ་ཚོགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་དང་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་དྲུང་ཡིག་ཨ་ཧོ་ཐར་དང་ལྷན་དུ་《ས་ཁུལ་སྦྲེལ་མཐུད་དང“རྒྱུད་གཅིག་ལམ་གཅིག”གི་འབོད་སྐུལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གོའི་ཕྱི་འབྲེལ་པུའུ་དང་མཉམ་འབྲེལ་རྒྱལ་ཚོགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་དང་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་འདོད་མཐུན་ཡི་གེར་》མཚན་རྟགས་བཀོད་ཡོད། 《འདོད་མཐུན་ཡི་གེའི་》ནང་ཕྱོགས་གཉིས་པོས་ཐུན་མོང་འཆར་འགོད་ཀྱིས་སྦྲེལ་མཐུད་དང“རྒྱུད་གཅིག་ལམ་གཅིག”གི་ཞིབ་ཕྲའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་ལམ་རྒྱུད་རྒྱལ་ཁབ་ཁག་གི་སྲིད་ཇུས་འབྲེལ་མཐུད་དང་དམ་པ་དོན་གཉེར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་ཡོད། 《འདོད་མཐུན་ཡི་གེ་》དེ་ནི་ཀྲུང་གོ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་མིང་རྟགས་བཀོད་པའི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ཡིག་ཆ་ཐོག་མ་དེ་ཡིན་པ་དང་དེའི་དམིགས་ཡུལ་ནི་ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་ཟབ་ཏུ་གཏོང་བ་དང་སྤེལ་རེས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་དམ་པ་དོན་གཉེར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་རེད།
         ལུའུ་ཁང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པ་ནས་བཟུང་། ད་བར་རྒྱལ་ཁབ་30ལྷག་ཙམ་གྱིས་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་ཡོད། “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་འདུ་ཤེས་ཐད་རྒྱལ་ཁབ་དང་དེ་བཞིན་རྒྱལ་སྤྱིའི་འབྲེལ་ཡོད་རྩ་འཛུགས་མང་པོ་ཞིག་གི་དགའ་བསུ་དང་རྒྱབ་སྐྱོར་ཐོབ་བཞིན་ཡོད་པ་དང་ཕྱོགས་ཁག་གི་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་ཟམ་མི་ཆད་པར་ཟབ་ཏུ་དང་སྤེལ་རེས་འབྲེལ་མཐུད་ཉིན་བཞིན་ཟབ་ཏུ་སོང་བ་དང་དམ་པ་དོན་གཉེར་གྱི་ཕན་འབྲས་རིམ་བཞིན་མངོན་གསལ་དོད་དུ་ཕྱིན་ནས་ཉིན་རེ་ལས་མ་འདས་པར་ཕྱོགས་མང་མཉམ་ཞུགས་དང་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་ལས་སྟེགས་གལ་ཆེན་ལ་འགྱུར་བཞིན་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།