འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རྐང་རྩེད་སྤོ་ལོའི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་
    འཆར་འགོད་པར་འགྲེམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་14ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཚེས་11ཉིན་《ཀྲུང་གོའི་རྐང་རྩེད་སྤོ་ལོའི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད(2016—2050ལོ་)པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》བཏང་བ་དེ་ཐོག་ནས། ཀྲུང་གོའི་རྐང་རྩེད་སྤོ་ལོའི་ལོ་རྒྱུས་ཐོག་དུས་མཚམས་རང་བཞིན་ཁ་གསལ་བའི་ཡུན་རིང་འཕེལ་རྒྱས་ཀྱི་འཆར་འགོད་ཐོག་མ་དེ་ཡོད་པ་མཚོན་ཡོད་པ་རེད།
         འཆར་འགོད་དེ་ནི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་རྐང་རྩེད་སྤོ་ལོ་སྒྱུར་བཅོས་འཕེལ་རྒྱས་པུའུ་རྒྱལ་སྤྱིའི་མཉམ་འབྲེལ་ཚོགས་འདུའི་གཞུང་དོན་ཁང་(ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་)ལུས་རྩལ་སྤྱི་ཁྱབ་ཅུས། སློབ་གསོ་པུའུ་བཅས་ཀྱིས་ཐུན་མོང་ཐོག་བཟོས་པ་ཞིག་རེད། འཆར་འགོད་ནང་དུས་མཚམས་གསུམ་གྱི་དམིགས་ཚད་གསལ་པོ་བཟོས་ཡོད་པ་སྟེ། ཉེ་དུས་ཀྱི་2020ལོ་བར་དང་། དུས་འབྲིང་གི་2030ལོ་བར། ཕུགས་ལ་རྒྱང་ལྟ་བྱེད་པའི་2050ལོ་བར་བཅས་ཡིན་པ་མ་ཟད། མ་འོངས་པར“རྐང་རྩེད་སྤོ་ལོའི་རྩེར་སོན་རྒྱལ་ཁབ་སྟོབས་ལྡན་གྱི་དམིགས་ཚད་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་དགོས”ཤིང་། དེར་བརྟེན་ཀྲུང་གོ་རྐང་རྩེད་སྤོ་ལོའི་ལས་དོན་དེ་འདི་ལོ་ནས་འགོ་བཙུགས་ཏེ་འབྱུང་འགྱུར་ལོ་35ཡི་རིང་སྔོན་ཆད་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྒྱུད་རིམ་རང་བཞིན་མེད་པའི“རྒྱབ་ཤིག་རྒྱག་པའི”གནད་དོན་ལ་འགྱུར་ལྡོག་གཏོང་རྒྱུ་མ་ཟད། དེ་ལྷུ་ཚིགས་སུ་བརྩིས་ནས་མུ་མཐུད་སྐྱོན་བྲན་ངང་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་གོ་སྐབས་འཆར་རྒྱུ་དང་སྲིད་ཇུས་ཀྱི་འགན་ལེན་ཐུབ་རེ་ཡོད་པ་རེད།
         འཕེལ་རྒྱས་ཀྱི་སྤྱིའི་བསམ་ཕྱོགས་ཁྲོད་འཆར་འགོད་ནང་བསྟན་དོན། ཀྲུང་གོའི་དོན་དངོས་དང་འཚམ་པའི་རྐང་རྩེད་སྤོ་ལོའི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་དེ“རྐང་རྩེད་སྤོ་ལོ་དར་རྒྱས་གཏོང་རྒྱུའི་ཕུགས་འདུན་དང་། ལུས་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་རྒྱུའི་ཕུགས་འདུན། མི་རིགས་བསྐྱར་དར་གྱི་ཕུགས་འདུན”བཅས་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་དགོས་པ་དང་། འཐབ་ཇུས་ཀྱི་ངེས་གནས་ཐོག་ནས་རྐང་རྩེད་སྤོ་ལོ་དར་རྒྱས་གོང་འཕེལ་གཏོང་རྒྱུ་དེ“དམངས་ཡོངས་ཀྱི་ལུས་སྦྱོང་བྱ་གཞག་གལ་ཆེན་ཞིག”དང་། “རྒྱལ་དམངས་དཔལ་འབྱོར་གྱི་ཐོན་ལས་གལ་ཆེན་ཞིག” “ལུས་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་རྨང་རྡོ་གལ་ཆེན་ཞིག” “མི་རིགས་སྙིང་སྟོབས་ཀྱི་གཞི་རྟེན་གལ་ཆེན་ཞིག”བཅས་ལ་བརྩི་དགོས།
         འཕེལ་རྒྱས་ཀྱི་དམིགས་ཚད་ཐད་འཆར་འགོད་ནང་དུས་མཚམས་གསུམ་ལ་དབྱེ་བ་སྟེ། ཉེ་དུས་ཀྱི་དམིགས་ཚད་ནི་(2016—2020)ཀྲུང་གོའི་རྐང་རྩེད་སྤོ་ལོའི་གཞི་རྩ་འགན་ལེན་བྱེད་པ་དང་། གཞི་རིམ་དུ་སྟོབས་ཆེར་གཏོང་བ། རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་འཕེལ་རྒྱས་དམིགས་ཚད་ཡིན་པ་དང་། དུས་འབྲིང་གི་དམིགས་ཚད་ནི་(2020—2030)ཀྲུང་གོའི་རྐང་རྩེད་སྤོ་ལོའི་སྒུལ་ཤུགས་སྔར་བས་ཆེ་བ་དང་། གསོན་ཤུགས་སྔར་བས་ཆེ་བ། ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་བ་བཅས་འབད་བརྩོན་ཆེན་པོས་མངོན་འགྱུར་ཡོང་བ་བྱས་ནས་འཛམ་གླིང་ཐོག་གི་རུ་ཁག་སྟོབས་ཆེན་གྱི་གྲས་སུ་ཚུད་པ་བྱེད་རྒྱུའི་འཕེལ་རྒྱས་དམིགས་ཚད་དེ་ཡིན་པ། ཕུགས་ཀྱི་དམིགས་ཚད་ནི་(2031—2050)རྐང་རྩེད་སྤོ་ལོའི་རྩེར་སོན་གྱི་རྒྱལ་ཁབ་སྟོབས་ཆེན་གྱི་དམིགས་ཚད་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་པ་དང་། ཀྲུང་གོའི་རྐང་རྩེད་སྤོ་ལོ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ། ཀྲུང་ཧྭ་བུ་ཕྲུག་ཚོའི་རྐང་རྩེད་སྤོ་ལོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཐོག་ནས་འཛམ་གླིང་རྐང་རྩེད་སྤོ་ལོའི་ལུས་རྩལ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་དེ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།