འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཤིས་ཁྲུང་ཙུའོ་ཧྭ་ཧྲན་བྲག་བརྐོས་རི་མོ་འཛམ་གླིང་རིག་གནས་ཤུལ་བཞག་ནང་ཚུད་རེ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་14ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་2016ལོའི་ཀོང་ཤིས་ཁྲུང་ཙུའོ་ཧྭ་ཧྲན་རིག་གནས་དུས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར། ཀོང་ཤིས་ཁྲུང་ཙུའོ་གྲོང་ཁྱེར་ཙུའོ་ཅང་ཧྭ་ཧྲན་བྲག་བརྐོས་རི་མོ་ནི་2016ལོར་ཀྲུང་གོས་འཛམ་གླིང་རིག་གནས་ཤུལ་བཞག་ནང་རེ་ཞུ་བྱས་པའི་རྣམ་གྲངས་གཅིག་པུ་དེ་ཡིན་ཞིང་། གལ་ཏེ་ཚོགས་ཆེན་ཐོག་ཞིབ་དཔྱད་ཆོག་མཆན་ཐོབ་ཚེ། ཀྲུང་གོར་བྲག་བརྐོས་རི་མོའི་རིགས་ཀྱི་འཛམ་གླིང་རིག་གནས་ཤུལ་བཞག་མེད་པའི་སྟོང་ཆ་སྐོང་རྒྱུ་རེད། མིག་སྔར་ཁྲུང་ཙུའོ་གྲོང་ཁྱེར་གྱིས“ཧྭ་ཧྲན་རིག་གནས”སྲུང་སྐྱོབ་དང་། རྒྱུན་འཛིན། དར་སྤེལ་ཧུར་ཐག་བཏང་ནས། འཛམ་གླིང་རིག་གནས་ཤུལ་བཞག་ནང་ཞུགས་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད་པ་མ་ཟད། དེ་ཉིད་ཁྲུང་ཙུའོ་གྲོང་ཁྱེར་གྱི་རིག་གནས་སྤུས་རྟགས་དང་རིག་གནས་མཚོན་རྟགས་ཤིག་ཏུ་གཏོད་རྒྱུ་ཡིན་པ་རེད།
         ཧྭ་ཧྲན་བྲག་བརྐོས་རི་མོ་དེ་དག་ཀོང་ཤིས་ཁྲུང་ཙུའོ་གྲོང་ཁྱེར་གྱི་ཉིང་མིང་དང་། ལུང་ཀྲོའུ། ཅང་ཀྲོའུ། ཕུའུ་སུའེ་བཅས་རྫོང་(ཆུས་)བཞི་ཡི་ཙུའོ་ཅང་གཙང་པོ་རྒྱུག་ཁུལ་དང་། མིང་ཅང་ཆུ་ཕྲན་གྱི་ངོགས་གཉིས་སུ་གནས་པ་དང་། ལོ་ངོ་2000ལྷག་ཙམ་གྱི་སྔོན་དུ་ཀྲོང་རིགས་ཀྱི་མེས་པོས་བྲིས་པ་ཞིག་ཡིན་པ་རེད། ཁྲུང་ཙུའོ་གྲོང་ཁྱེར་གྱི་ས་གནས་79ཡི་ཁུལ་178ནས་ཁྱོན་བསྡོམས་བྲག་བརྐོས་རི་མོ་ཁག་289ཤེས་རྟོགས་བྱུང་བའི་ནང་། ཉིང་མིང་རྫོང་གི་མིང་ཅང་གཙང་པོའི་ངོགས་སུ་གནས་པའི་ཧྭ་ཧྲན་བྲག་བརྐོས་རི་མོའི་གཞི་ཁྱོན་ཆེ་ཤོས་ཡིན་པ་རེད། ཧྭ་ཧྲན་བྲག་བརྐོས་རི་མོ་ནི་ཀྲུང་གོ་དང་ཐ་ན་འཛམ་གླིང་ཐོག་ཤེས་རྟོགས་བྱུང་བའི་རི་མོ་ཆེ་ཤོས་དང་གཟུགས་བརྙན་མང་ཤོས་ཀྱི་བྲག་བརྐོས་རི་མོ་ཞིག་ཡིན་ཞིང་། རིང་ཚད་སྨི་210ལྷག་ཙམ་དང་མཐོ་ཚད་སྨི་50ཙམ་ཡོད་པའི་བྲག་རི་གཡང་གཟར་ཐོག་ངོ་རྟགས་ཆོད་ཐུབ་པའི་རྫ་དམར་མདོག་གི་རི་མོ་1800ལྷག་ཙམ་མཐོང་རྒྱུ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།