མི་དམངས་དྲ་བ།

༄༅།།རི་པིན་གྱི"སྔོ་ལྗང་ཕོ་ཉར"རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་གཟེངས་བསྟོད་ཐོབ་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་08ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཉིན་ཤས་གོང་ཀྲུང་གོའི་སྔོ་འགྱུར་སྤེལ་རེས་གཟེངས་བསྟོད་ཚོགས་འདུ་བསྡུས་ནས། “ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་བའི་ཤིང་འཛུགས་འཚམས་ཞུ་ཚོགས་པ”དང་། “རི་ཀྲུང་ལག་རྩལ་ཤེས་ལྡན་མི་སྣའི་མཛའ་གྲོགས་སྤེལ་རེས་མཐུན་ཚོགས” “སྔོ་ལྗང་གི་ས་གོ་ལའི་དྲ་རྒྱ”སོགས་རི་པིན་གྱི་དམངས་ཁྲོད་ཚོགས་པ་10ཡི་ཀྲུང་གོར་ཕྱོགས་པའི་མཛའ་གྲོགས་མི་སྣ་10ལ་གཟེངས་བསྟོད་བྱས་ཏེ་ཁོང་ཚོ་ཀྲུང་གོར་ཡོང་ནས་ཤིང་འཛུགས་ནགས་བཟོ་བྱས་ཤིང་། ཀྲུང་རིའི་དམངས་ཁྲོད་སྤེལ་རེས་ལ་སྐུལ་འདེད་བཏང་བའི་བྱས་རྗེས་ཁས་ལེན་བྱས་པ་རེད།
         རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེང་ཡུང་ཧྭས་ཤིས་ཚིག་གསུང་སྐབས་དུས་ཡུན་རིང་པོར་ཀྲུང་གོར་ཡོང་ནས་སྔོ་འགྱུར་ཤིང་འཛུགས་བྱ་གཞག་ནང་ཧུར་ཐག་ཞུགས་མཁན་རི་པིན་གྱི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣར་བསྔགས་བརྗོད་ཚད་མེད་གནང་བ་དང་ཆབས་ཅིག ཁོང་གིས་ད་དུང་ལོ་མང་རིང་འབད་བརྩོན་བྱས་པ་བརྒྱུད་ཀྲུང་གོའི་སྔོ་འགྱུར་བྱ་གཞག་ཐད་འཕེལ་རྒྱས་མགྱོགས་པོ་བྱུང་བ་དེའི་ནང་རི་པིན་གྱི་མཛའ་གྲོགས་མི་སྣ་མང་པོའི་འབད་བརྩོན་ཚུད་ཡོད་པ་དང་། ལྷག་པར་དུ་ཀྲུང་གོའི་ནགས་ལས་འཕེལ་རྒྱས་ལ་དམིགས་པའི་བྱེ་འགྱུར་བཅོས་སྒྲིག་དང་སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོབ་སོགས་གཙོ་གནད་ཁྱབ་ཁོངས་སུ་རི་པིན་གྱི་མཛའ་གྲོགས་མི་སྣ་མང་པོ་ཞིག་གི་འབད་བརྩོན་ཚུད་ཡོད་ཅེས་གསུངས་པ་རེད།
         1992ལོར་བཙུགས་པའི“སྔོ་ལྗང་གི་ས་འཛིན་གོ་ལའི་དྲ་རྒྱ”ལ་ད་ཆ་རི་པིན་གྱི་ཀུང་སིའི་ལས་མི་དང་། གཞུང་ཞབས་པ། ཁྱིམ་འཛིན་མ། སློབ་མ་སོགས་ཚུད་པའི་ཚོགས་མི་550ཡོད། རྩ་འཛུགས་དེ་བཙུགས་པ་ནས་བཟུང་ཧྲན་ཤིས་ཏཱ་ཐུང་གྲོང་ཁྱེར་དུ་སྔོ་འགྱུར་མཉམ་ལས་བྱས་པ་དང་། 2012ལོ་བར་དུ་ཁྱོན་རི་པིན་བ་3500སྒྲིག་འཛུགས་བྱས་ནས་ཏཱ་ཐུང་གྲོང་ཁྱེར་དུ་ཤིང་འཛུགས་བྱས་ཡོད་པ་རེད། 2001ལོར་རྩ་འཛུགས་དེར་ཀྲུང་གོ་སྲིད་གཞུང་གི“མཛའ་གྲོགས་བྱ་དགའ”དང་2012ལོར་རི་པིན་གྱི་ཕྱི་དོན་བློན་ཆེན་གྱི་བྱ་དགའ་ཐོབ་ཡོད་པ་རེད།