འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།སེ་ར་ཝེ་ཡའི་གྲོང་སྡེ་ཆུང་ངུ་ཞིག་གིས་ལུག་རྫིའི་དུས་ཆེན་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་30ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སེ་ར་ཝེ་ཡའི་རྒྱལ་ས་པེའར་ཀེ་ལེ་ཏེ་དང་བར་ཐག་སྤྱི་ལེ་50ཡོད་པའི་གྲོང་སྡེ་ཆུང་ངུ་ས་ཁུའུ་ལེར་ཚེས་26ཉིན་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཤིང་། དེ་གར་མི་རྣམས་ཀྱིས་ལོ་གཅིག་དུས་གཅིག་གི་ལུག་རྫིའི་དུས་ཆེན་གཏོང་བཞིན་ཡོད།
         ལོ་ལྟར་གྱི་ཟླ་གསུམ་པའི་གཟའ་སྤེན་པ་མཐའ་མ་དེ་ནི་ས་གནས་དེ་གའི་ལུག་རྫིའི་དུས་ཆེན་ཡིན། ལུག་རྫིའི་ངོས་ནས་བརྗོད་ན། དགུན་དུས་ཉིན་དེ་ནས་བཟུང་མཇུག་འགྲིལ་བ་དང་ཕྱུགས་འཚོ་བའི་དུས་ཚོད་སླེབས་ཉེར་ཡོད། ལུག་རྫིའི་དུས་ཆེན་ཐོག་ལྟད་མོ་ཆེ་ཤོས་ནི་བོང་བུ་བཞོན་མཁན་གྲངས་ཀ་རྒྱག་པའི་འགྲན་བསྡུར་བྱེད་པ་དེ་རེད། རྒྱུག་ཤར་མ་གློད་གོང་གི་གྲ་སྒྲིག་དེ་ཧ་ཅང་ཁག་པོ་ཡིན་པས་དུས་ཚོད་མི་ཉུང་བ་ཞིག་འགོར་གྱི་ཡོད།
         ལོ་ཤས་གོང་བྱ་དགའ་ཐོབ་པའི་ཝོ་དབྱིན་ནུའུ་ཕུའུ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བོང་རྒྱུགས་འགྲན་བསྡུར་ནང་ཨང་དང་པོ་ཐོབ་དགོས་ན་རྩལ་ནུས་དང་སྦྱོང་བརྡར་བྱེད་དགོས། དེས་མ་ཚད་སྲོག་ཆགས་ལ་དགའ་ཞེན་ཡང་བྱེད་དགོས་ཞེས་བཤད། ཁོང་གིས“ཨང་དང་པོ་ཐོབ་པའི་འགག་རྩ་དེ་བོང་བུ་ནི་གླེན་རྟགས་ཚ་ལ་རོ་གྱོང་བའི་སྲོག་ཆགས་ཤིག་མིན་པ་དང་། དེ་ལས་ལྡོག་སྟེ་ཁོང་ཚོ་སྤྱང་གྲུང་དོད་པས་མིའི་རིགས་ལ་ལུག་ཁྱུ་དོ་དམ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་རོགས་བྱེད་ཀྱི་ཡོད”ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།