འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཁ་ཐར་གྱི་ཡོངས་བསྒྲགས་འགྲན་བསྡུར་ནང་ཀྲུང་གོའི་ཕིང་ཕང་སྤོ་ལོའི་རུ་ཁག་གིས་ཨང་
    དང་པོ་བཞི་བླངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་30ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། 2016ལོའི་རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་ལྷན་ཚོགས་འཛམ་གླིང་སྐོར་སྐྱོད་འགྲན་བསྡུར་གྱི་ཁ་ཐར་གྱི་ཡོངས་བསྒྲགས་འགྲན་བསྡུར་དེ་ཡུལ་དེ་གའི་དུས་ཚོད་ཚེས་27ཉིན་མཇུག་འགྲིལ་བ་དང་ཀྲུང་གོའི་རུ་ཁག་གིས་འགྲན་བསྡུར་གྱི་རྣམ་གྲངས་བཞི་ཚང་མའི་ཨང་དང་པོ་བླངས་པ་རེད། ལིའུ་ཧྲི་ཝུན་དང་ཏིང་ཉིང་གིས་བུད་མེད་ཀྱི་ཆ་རྒྱག་འགྲན་བསྡུར་གྱི་ཨང་དང་པོ་བླངས་རྗེས་བུད་མེད་ཀྱི་རྐྱང་རྒྱག་འགྲན་བསྡུར་ནང་སླར་ཡང་འཕྲད་ནས་ལིའུ་ཧྲི་ཝུན་གྱིས་བསྡུར་གྲངས་4:1གི་གྲུབ་འབྲས་ཐོག་ནས་ཏིང་ཉིང་ལས་རྒྱལ་ཏེ་ད་ཐེངས་འགྲན་བསྡུར་གྱི་མི་སྒེར་གྱི་ཨང་དང་པོ་ཐེངས་གཉིས་པ་དེ་བླངས་ཡོད། སྐྱེས་པའི་རྐྱང་རྒྱག་འགྲན་བསྡུར་གྱི་ཨང་དང་པོ་དེ་འཛམ་གླིང་གི་ཨང་རིམ་དང་པོ་ཡིན་པའི་མ་ལུང་གིས་བླངས་པ་དང་། ཁོང་གིས་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་བསྡུར་གྲངས་4:1གི་གྲུབ་འབྲས་ཐོག་ནས་ཕན་ཀྲེན་ཏུང་ལས་རྣམ་པར་རྒྱལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།