འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་གཙོའི་བཅོས་སྒྱུར་རྡོ་རིང་བཙུགས། དེང་གི་གངས་ལྗོངས་སྐྱིད་གླུ་ལེན།

    —— བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་57འཁོར་བར་རྟེན་འབྲེལ་ཞུ་བའི་བསྡུས་རིས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་28ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཉིང་ཁྲིའི་ཡུལ་མཇུག་གྲོང་ཚོར་ཉེན་དམངས་རིག་རྩལ་མཉམ་སྤྲོའི་འདུ་ཚོགས་བསྡུས་པ།
    ཉིང་ཁྲིའི་ཡུལ་མཇུག་གྲོང་ཚོར་ཉེན་དམངས་རིག་རྩལ་མཉམ་སྤྲོའི་འདུ་ཚོགས་བསྡུས་པ།
         རྩོམ་སྒྲིག་པའི་སྦྲགས་མཆན། ལོ་57སྔོན་གྱི་དཔྱིད་དུས་སུ་བྲན་གཡོག་ལམ་ལུགས་མེད་པ་བཟོ་བའི་སྔར་བྱུང་མྱོང་མེད་པའི་ལས་འགུལ་ཞིག་གནའ་བོའི་ས་གཞི་འདིར་སྤེལ་བ་དང་དམངས་གཙོའི་བཅོས་སྒྱུར་གྱི་ཚ་རླབས་ལས་ཞིང་བྲན་ཁྲི་ཚོ་བརྒྱ་རྨོངས་གཉིད་ལས་སད། ཧ་ལམ་མཚན་མོ་གཅིག་ལ་ཁོང་ཚོ“སྐད་ཆ་ཤོད་ཐུབ་པའི་དུད་འགྲོ”ནས་ཁྱིམ་ཚང་དང་། ལས་ཀ ལ་རྒྱ། རང་དབང་བཅས་ཡོད་པའི་སྤྱི་དམངས་ལ་གྱུར། ལྷ་སའི་སྲང་ལམ་ཁག་གི་སྤྲང་པོ་དང་། བར་སྐོར་གྱི་ལྕགས་བཟོ་བ། གཙང་གསུམ་རྒྱུག་ཁུལ་གྱི་ནང་བཟན་དང་ཁྲལ་པ། བྱང་རྩྭ་ཐང་ཐོག་གི་འབྲོག་པ་དབུལ་པོ་བཅས་ལ་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རང་ཉིད་ཀྱི་བདག་པོར་གྱུར་ཡོད།
         ཟིལ་རླབས་དགུང་དུ་འཕྱུར་བའི་དམངས་གཙོའི་བཅོས་སྒྱུར་ལས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པ་དང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་རྩ་མེད་དུ་སོང་བའི་གསལ་བསྒྲགས་སྤེལ་བ་དང་སྦྲགས“འཛམ་གླིང་ཡང་རྩེའི”འགྲོ་བ་མིའི་ཐོབ་ཐང་བྱ་གཞག་བཏོད་ནས་འགྲོ་བ་མིའི་ཐོབ་ཐང་ཟེར་བ་གང་ཡིན་མི་ཤེས་པ་དང་འཛམ་གླིང་གི་ཤེས་དཔལ་ཡར་ཐོན་དང་གཏན་ནས་མི་མཐུན་པའི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ས་ཁོངས་མུན་ནག་སྤྱི་ཚོགས་ཀྱི་མཐའ་མའི་དབང་སྒྱུར་མཇུག་འགྲིལ་བ་མཚོན་ཡོད།
         ལོ་57གྱི་སྔོན་དུ་དམངས་གཙོའི་བཅོས་སྒྱུར་ལས་མུན་ནག་སྤྱི་ཚོགས་ལ་ཐོ་རེངས་ཀྱི་སྐྱ་མདའ་བཏང་བ་དང་དུས་རབས་གསར་རྐྱང་གི་ས་མཐོ་ཞིག་མངོན་པར་བྱས་ཡོད། དམངས་གཙོའི་བཅོས་སྒྱུར་ལས་ལོ་ངོ་སྟོང་ཕྲག་གི་འཆིང་ཐག་བཀྲོལ་ཏེ་མིའི་རིགས་ཡོངས་ལ་དབང་བའི་རང་དབང་དང་བཅིངས་འགྲོལ་ཐོབ་པར་བྱས་ཡོད།
         ལོ་57གྱི་རྗེས་གངས་ལྗོངས་ས་མཐོར་སླར་ཡང་དགའ་སྤྲོ་རབ་ཏུ་འཁོལ་བ་དང་འཕེལ་རྒྱས་དུས་རབས་ཀྱི་འོད་ཟེར་སྟོང་ལྡན་ལ་བསྟོད་གླུ་འབུལ་བ་དང་། རྔ་རྡུང་དར་འཕྱར་གྱིས་ས་མཐོའི་ངོ་མཚར་ཆེ་བའི་གཏམ་རྒྱུད་རྩོམ་བཞིན་ཡོད།
         དེ་རིང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་གླུ་ལེན་གར་འཁྲབ་བྱས་ནས་སྤྲོ་སེམས་འཁོལ་པོས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་57འཁོར་བར་རྟེན་འབྲེལ་ཞུ་གི་ཡོད། དུས་འདིར་གངས་ལྗོངས་ས་མཐོར་དགའ་སྤྲོའི་གླུ་སྒྲས་ཁེངས་པ་དང་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱ་ཡུལ་དུ་གྱུར་ཡོད། མི་སེམས་རབ་ཏུ་འགུལ་བའི་དུས་སྐབས་འདི་ནམ་ཡང་ལོ་རྒྱུས་དེབ་ཐེར་ཐོག་འཁོད་ངེས་རེད།
         ང་ཚོས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པར་དྲན་གསོ་ཞུ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་བས་མཛེས་སྡུག་ལྡན་པའི་སྨོན་འདུན་ཞུ་རྒྱུ་ཡིན་ལ་རླབས་ཆེན་མེས་རྒྱལ་སྔར་བས་སྟོབས་འབྱོར་མངའ་ཐང་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཡང་ཞུ་རྒྱུ་ཡིན།
    【1】  【2】  【3】  【4】  【5】  【6】  【7】
    འཕྱོངས་རྒྱས་རྫོང་བུ་བཅོལ་ཁང་གི་བྱིས་པ་ཚོས་ཀེག་ཟ་བཞིན་3.28དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུ་བ།
    འཕྱོངས་རྒྱས་རྫོང་བུ་བཅོལ་ཁང་གི་བྱིས་པ་ཚོས་ཀེག་ཟ་བཞིན་3.28དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུ་བ།
      

    ཕྱོགས་བསྡུས་གསར་འགྱུར།