འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་ཡུན་ཏིའི“ཤའོ་པང་གི་རོལ་དབྱངས་ཁེར་གཙང”གི་རོལ་དབྱངས་རྐྱང་དཀྲོལ་འཁྲབ་སྟོན་
    ཁ་ནེ་ཅེའི་རོལ་དབྱངས་ཚོམས་ཆེན་དུ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་30ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཉིའུ་གཡོད་དུ་གཉེར་བའི“ཀང་ཆིན་གྱི་རྒྱལ་སྲས”ཞེས་པའི་ལི་ཡུན་ཏིའི“ཤའོ་པང་གི་རོལ་དབྱངས་ཁེར་གཙང”གི་ཀང་ཆིན་རོལ་དབྱངས་རྐྱང་དཀྲོལ་འཁྲབ་སྟོན་གྱིས་ཁ་ནེ་ཅེའི་རོལ་དབྱངས་ཚོམས་ཆེན་ནང་གི་ལྟད་མོ་བ་ཚོའི་ཡིད་དབང་རབ་ཏུ་འཕྲོག་ཡོད་པ་རེད།
         ད་ཐེངས་ཀྱི་འཁྲབ་སྟོན་ནི་ལི་ཡུན་ཏིའི་2016ལོའི“ཤའོ་པང་གི་ངོ་མཚར་ཆེ་བའི་མི་ཚེ”ཞེས་པའི་འཛམ་གླིང་སྐོར་སྐྱོད་འཁྲབ་སྟོན་གླིང་ཆེན་ཨ་མེ་རི་ཁའི་ཁུལ་དུ་གཉེར་བའི་མཇུག་བསྡུའི་རོལ་དབྱངས་འཁྲབ་སྟོན་ཞིག་ཡིན་ཞིང་། དེ་ཉིན་དགོང་མོ་ཁ་ནེ་ཅེ་རོལ་དབྱངས་ཚོམས་ཆེན་སི་ཐེ་ཨན་ཚོགས་ཁང་གི་རྐུབ་སྟེགས་2804ཚང་མ་ལྟད་མོ་བས་ཁེངས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་ནི་ལི་ཡུན་ཏིའི་སྐོར་སྐྱོད་འཁྲབ་སྟོན་གྱི་ས་ཚིགས་རྗེས་མ་དེ་ཡིན་པ་དང་། དེ་རྗེས་ཁོང་འཇར་མན་དང་། དབྱིན་ཇི། ཧྥ་རན་སེ། ཨིར་ལན། སུའེ་ཙེར་བཅས་སུ་འཁྲབ་སྟོན་བྱེད་པར་བསྐྱོད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།