འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཐའེ་ཝན་གྱི་སྡེབ་འཇུག་ཟོག་སྒམ་གྲུ་གཟིངས་ཤིག་བྱེ་ཟུག་བྱུང་སྟེ་སྣུམ་སྙིགས་ཕྱིར་འཛག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་30ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཐའེ་ཝན་གྱི་སྡེབ་འཇུག་ཟོག་སྒམ་གྲུ་གཟིངས་ཤིག་བྱེ་ཟུག་བྱུང་སྟེ་སྣུམ་སྙིགས་ཕྱིར་འཛག་པ།
          ཟླ་3ཚེས་10ཉིན་མིང་ལ"ཏེ་ཞང་ཐའེ་པེ"ཟེར་བའི་སྡེབ་འཇུག་ཟོག་སྒམ་གྲུ་གཟིངས་ཤིག་ཤིན་པེ་གྲོང་ཁྱེར་གྱི་ཧྲི་མེན་མཚོ་ངོགས་སུ་བྱེ་ཟུག་བྱུང་བ་དང་། གྲུ་གཟུགས་ལ་གཟའ་འཁོར་གཉིས་རིང་ཆར་རྡུང་ལྷགས་རྒྱག་བྱས་རྗེས། ཟླ་3ཚེས་25ཉིན་གྱི་ཞོགས་པར་གྲུ་གཟིངས་དུམ་བུ་གཉིས་སུ་གས་ཆག་བྱུང་ཞིང་ནང་གི་སྣུམ་སྙིགས་རྒྱུན་མི་འཆད་པར་ཕྱིར་འཛག་པ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། གྲུ་གཟིངས་དེའི་ཐོག་ལ་སྣུམ་སྙིགས་ཏུན་305ཡོད་པ་མ་ཟད། ད་དུང་ཉེན་ཁ་ཆེ་ཞིང་གནོད་པ་ལྡན་པའི་རྫས་འགྱུར་དངོས་རྫས་ཏུན་100ལས་བརྒལ་བའང་ཡོད་པ་རེད།
         མིག་སྔར་ས་གནས་དེ་གས་ནུས་ཤུགས་སྒྲིག་འཛུགས་བྱས་ཏེ་མཚོ་ངོགས་ཀྱི་སྣུམ་སྙིགས་གཙང་བཤེར་བྱས་པ་མ་ཟད། གྲུ་ཐོག་གི་ཉེན་ཁ་ཆེ་ཞིང་གནོད་པ་ལྡན་པའི་རྫས་འགྱུར་དངོས་རྫས་ཀྱང་གནས་སྤོ་གང་མགྱོགས་བྱ་རྒྱུ་རེད།
    【1】  【2】  【3】  【4】  【5】
    ༄༅།།ཐའེ་ཝན་གྱི་སྡེབ་འཇུག་ཟོག་སྒམ་གྲུ་གཟིངས་ཤིག་བྱེ་ཟུག་བྱུང་སྟེ་སྣུམ་སྙིགས་ཕྱིར་འཛག་པ།
      

    ཕྱོགས་བསྡུས་གསར་འགྱུར།