འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།གླང་ཆེན་འགྱིང་རིའི་ས་བཅུའི་འཕགས་པ་ཀུན་ཏུ་བཟང་པོའི་སྐུ་ལ་གསེར་ཆུ་འབྱུག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་25ཉིན། 15:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།གླང་ཆེན་འགྱིང་རིའི་ས་བཅུའི་འཕགས་པ་ཀུན་ཏུ་བཟང་པོའི་སྐུ་ལ་གསེར་ཆུ་འབྱུག་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། ད་ལོའི་ཟླ་3ཚེས་25ཉིན་ནས་ཟླ་7ཚེས་20ཉིན་གྱི་བར་དུ་གླང་ཆེན་འགྱིང་རིའི་རྩེ་རུ་བཞུགས་པའི་ས་བཅུའི་འཕགས་པ་ཀུན་ཏུ་བཟང་པོའི་སྐུ་ལ་གསེར་ཆུ་འབྱུག་རྒྱུ་ཡིན་པ་དང་། གསེར་ཆུ་བྱུགས་ཚར་རྗེས་ས་བཅུའི་འཕགས་པ་ཀུན་ཏུ་བཟང་པོའི་སྐུ་དེ་ཉིད་རྣམ་པ་གསར་པའི་ཐོག་ནས་ཡུལ་སྐོར་བ་ཚོའི་མིག་ལམ་དུ་འཆར་རྒྱུ་རེད།
         ད་ལོ་ནི་གླང་ཆེན་འགྱིང་རི་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་གསར་དུ་བཙུགས་པའི"ཀྲུང་གོའི་རྒྱལ་སྤྱིའི་ནང་བསྟན་ཆོས་ལུགས་ཀྱི་རིག་གནས་ཡུལ་སྐོར་བྱ་ཡུལ་"ཁག་དང་པོའི་གྲས་སུ་ཚུད་ཡོད་ལ། ས་བཅུའི་འཕགས་པ་ཀུན་ཏུ་བཟང་པོའི་སྐུ་བཞེངས་ནས་ལོ་བཅུ་འཁོར་བའི་ལོ་དང་། གླང་ཆེན་འགྱིང་རི་འཛམ་གླིང་རང་བྱུང་དང་རིག་གནས་ཤུལ་བཞག་གི་ནང་དུཞུགས་རེ་ཞུས་ནས་ལོ་10འཁོར་བའི་ལོ། དགེ་འདུན་བགྲེས་སོང་པེན་ནེང་སྐུ་འཁྲུངས་ནས་ལོ་110འཁོར་བའི་རྗེས་དྲན་གྱི་ལོ་བཅས་ཀྱང་ཡིན་པས། གླང་ཆེན་འགྱིང་རིའི་ནང་བསྟན་མཐུན་ཚོགས་ཀྱིས་ས་བཅུའི་འཕགས་པ་ཀུན་ཏུ་བཟང་པོའི་སྐུ་ལ་གསེར་ཆུ་འབྱུག་རྒྱུའི་ཐག་བཅད་པ་རེད། ཚོད་དཔག་ལྟར་ན་གསེར་ཆུ་འབྱུག་པར་མ་དངུལ་སྒོར་ཁྲི་2000ལྷག་གཏོང་རྒྱུ་དང་། གསེར་ཆུ་འབྱུག་རྒྱ་སྨི་གྲུ་བཞི་མ་1600ཡོད་ཅིང་། གསེར་ཆུ་བྱུགས་རྗེས་འཕགས་པ་ཀུན་ཏུ་བཟང་པོའི་སྐུ་ནི་བསྐྱར་དུ་བཀྲག་མདངས་འཕྲོག་ངེས་ཡིན། གསེར་ཆུ་འབྱུག་པའི་རིང་ལ་ས་བཅུའི་འཕགས་པ་ཀུན་ཏུ་བཟང་པོའི་སྐུ་མཇལ་མཚམས་འཇོག་རྒྱུ་ཡིན་ལས་རི་རྩེའི་གནས་མཇལ་ས་དང་མཛེས་ལྗོངས་ཁུལ་གཞན་རྣམས་ཀྱི་སྒོ་ནམ་རྒྱུན་ལྟར་འབྱེད་རྒྱུ་རེད།
         ས་བཅུའི་འཕགས་པ་ཀུན་ཏུ་བཟང་པོའི་སྐུ་ལ་གསེར་བྱུགས་ཚར་རྗེས་གླང་ཆེན་འགྱིང་རིའི་ནང་བསྟན་མཐུན་ཚོགས་ཀྱིས་རྒྱལ་ནང་གི་མིང་གྲགས་ཆེ་བའི་སྐྱེས་ཆེན་དམ་པ་རྣམས་གདན་དྲངས་ནས་འཕགས་པ་ཀུན་བཟང་ལ་མཆོད་པ་རྒྱ་ཆེན་ཕུལ་ནས་གླང་ཆེན་འགྱིང་རི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྲགས་ཅན་ཡིན་པའི་སྣང་བརྙན་དང་བག་ཆགས་སྔར་ལས་ཆེ་བར་བཞག་སྟེ་ཀྲུང་གོའི་རྒྱལ་སྤྱིའི་ནང་བསྟན་རིག་གནས་ཀྱི་ཡུལ་སྐོར་བྱ་ཡུལ་གསར་དུ་སྐྲུན་པའི་དམིགས་ཡུལ་མངོན་འགྱུར་གང་སྔ་བྱེད་རྒྱུ་རེད།
    ༄༅།།གླང་ཆེན་འགྱིང་རིའི་ས་བཅུའི་འཕགས་པ་ཀུན་ཏུ་བཟང་པོའི་སྐུ་ལ་གསེར་ཆུ་འབྱུག་རྒྱུ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།