འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འོད་ཤུགས་ཁེ་ལས་ཀྱིས་ཐེ་ཀྲུང་་ལུའོ་ཡུང་བཟོ་ལས་གླིང་དུ་བཅའ་སྡོད་བྱེད་འགོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་30ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ཐེན་ཧོ་འོད་ནུས་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཡིན་པའི་ཐེན་ཧོ་འོད་ནུས་ཚན་རྩལ་(ཐེ་ལན)ཚད་ཡོད་ཀུང་སིས་ཚེས་28ཉིན་ཐེ་ལན་དུ་ཡོད་པའི་ཐེ་ཀྲུང་ལུའོ་ཡུང་བཟོ་ལས་གླིང་དུ་ཐོན་སྐྱེད་བྱེད་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད།
         ཐེ་ལན་གྱི་ཙུང་ལི་གཞོན་པ་ཝུའེ་ཧྲ་ནུའུ་ཡིས་དེ་ཉིན་གྱི་ཐོན་སྐྱེད་བྱེད་འགོ་ཚུགས་པའི་མཛད་སྒོའི་ཐོག་ཤིས་ཚིག་གསུང་སྐབས་ཐེ་ལན་གྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གཞི་གཅིག་ཅན་དུ་འགྱུར་བའི་བརྒྱུད་རིམ་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱི་ཡོད། ད་རེས་ཀྲུང་གོའི་འོད་ཤུགས་ལས་རིགས་ཁྲོད་ཀྱི་སྔོན་ཐོན་ཡིན་པའི་ཐེན་ཧོ་འོད་ནུས་ཐེ་ཀྲུང་ལུའོ་ཡུང་བཟོ་ལས་གླིང་དུ་བཅའ་སྡོད་བྱས་པ་དེས་ཐེ་ལན་དང་ཐ་ན་ཨེ་ཤེ་ཡ་ཤར་ལྷོར་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་ཐོབ་ངེས་རེད་ཅེས་མཛུབ་སྟོན་གནང་བ་རེད།
         ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་དཔལ་འབྱོར་ཚན་ཙན་ཀྲང་ཧྥེ་ཏུང་གིས་འོད་ཤུགས་ལས་རིགས་ནི་ཀྲུང་གོའི་སྤུས་ཚད་མཐོ་བའི་ལས་རིགས་ཤིག་རེད་ལ། ཐེ་ལན་སྲིད་གཞུང་གིས་སྐུལ་ལྕག་ཧུར་ཐག་བྱེད་པའི་ལས་རིགས་ཤིག་ཀྱང་རེད། ཀྲུང་གོའི་འོད་ཤུགས་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”རྒྱུད་དུ་ཐོན་ནུས་མཉམ་ལས་བྱེད་པ་ནི་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མ་འཇོག་ལ་གཉིས་ཁེ་གཉིས་ཕན་ཡོང་པའི་མཉམ་ལས་ཤིག་རེད་ཅེས་མཛུབ་སྟོན་གནང་བ་རེད།
         ཀྲུང་གོ་ཐེན་ཧོ་འོད་ནུས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀའོ་ཅི་ཧྥན་གྱིས་ཐེན་ཧོ་འོད་ནུས་ཀྱིས་ཐེ་ལན་དུ་མ་འཇོག་བྱས་པའི་རྣམ་གྲངས་ལ་ཚད་འཛིན་རང་བཞིན་གྱི་དོན་སྙིང་ལྡན་ཡོད། དེ་ནི་ལག་རྩལ་སྔོན་ཐོན་དང་རང་འགུལ་ཅན་གྱི་ཆུ་ཚད་མཐོ་བའི་གློག་རྫས་དང་དེའི་ལྷུ་ལག་རྣམ་གྲངས་ཀྱི་གྲས་ཤིག་རེད། ཐེན་ཧོ་འོད་ནུས་ཐེ་ལན་གྱི་རྣམ་གྲངས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དེ་ཐོག་ནས་ཐོན་ལས་སྦྲེལ་ཐག་གི་ལེ་ལག་ཚང་བའི་ཁེ་ལས་ཀྱི་ཡིད་དབང་འགུགས་ཐུབ་ངེས་རེད་ལ། མཐར་འཐུས་སྒོ་ཚང་བའི་ཐོན་ལས་ཚོགས་པ་ཞིག་ཀྱང་ཆགས་ངེས་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།