འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ས་མཐོའི་ཐང་རྒོད་རྩྭ་ཐང་དུ་གྱུར་པ།

    —— སི་ཁྲོན་དཀར་མཛེས་ཀྱི་ས་བབ་སྨི་བཞི་སྟོང་གི་ས་མཐོའི་སྣོད་བཅུད་འཛུགས་སྐྱོང་ལ་བརྟག་ཞིབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་30ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཆ་སྙོམས་ས་བབ་སྨི་4500ལྷག་གི་སི་ཁྲོན་ཞིང་ཆེན་སེར་ཤུལ་རྫོང་དུ་ན་ཁ་ཞན་འགྱུར་དབང་གིས་ཐང་རྒོད་མང་པོ་ཆགས་ཤིང་། ས་བབ་མཐོ་བའི་སི་ཁྲོན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་གྱི་རྫོང་དུ་ས་གནས་དེ་གའི་ཞིང་འབྲོག་པས་ཐད་ཀར་སྣོད་བཅུད་འཛུགས་སྐྱོང་ནང་ཞུགས་པའི་རྣམ་པ་བརྒྱུད། མུའུ་ཁྲི་ལྷག་གི་རྩྭ་མི་སྐྱེ་བའི་ཐང་རྒོད་དེ་སྔར་གྱི་ན་ཁའི་རྣམ་པར་བསྒྱུར་བ་རེད།
         ཟླ་3པའི་ཟླ་དཀྱིལ་དུ་གསར་འགོད་པ་སེར་ཤུལ་རྫོང་སེར་ཤུལ་གྲོང་རྡལ་དར་དམར་གྲོང་ཚོ་དང་པོར་སྐྱོད་སྐབས། ལྕགས་དྲ་བསྐོར་བའི་ན་ཁའི་སྟེང་ཁྲུ་གང་ཙམ་གྱི་རྩྭས་ཡོངས་སུ་ཁེངས་ཡོད་པ་མཐོང་བྱུང་། “ལོ་འགའི་སྔོན་དུ་དེ་གར་ཐང་རྒོད་ཡིན་པས་རྩྭ་རྐང་གཅིག་ཀྱང་མེད་པར་སྨྱག་ས་ཚི་སྐམ་ཅན་དུ་ཚབས་ཆེན་འགྱུར་ཞིང་། ལྷགས་པ་བརྒྱབ་པ་དང་ས་རྡུལ་གྱིས་ཡུལ་ལུང་བསྒྲིབས་ནས། མི་ཚོས་ས་ཆ་དེ་བཅོས་སྒྲིག་བྱེད་པར་སེམས་ཤུགས་གང་ཡང་མེད”ཅེས་སེར་ཤུལ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཨན་ཧྲེ་ཡུང་གིས་བཤད། འོན་ཏེ་དེང་སྐབས་ན་ཁ་ཞན་འགྱུར་ལ་གྲུབ་འབྲས་ཤུགས་ཆེན་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་ནི་ས་གནས་དེ་གའི་ཞིང་འབྲོག་པ་རང་ངོ་མ་སྣོད་བཅུད་འཛུགས་སྐྱོང་ནང་ཞུགས་པས་རེད།
         ཇེ་ཞན་དུ་འགྱུར་བའི་ན་ཁ་བཅོས་སྒྲིག་བྱེད་པའི་ས་གནས་དེ་གའི་ཞིང་འབྲོག་པའི་ཤེས་བྱ་དང་རྩལ་ནུས་མཐོ་རུ་གཏོང་ཆེད། སེར་ཤུལ་རྫོང་གི་འབྲེལ་ཡོད་སྡེ་ཚན་དང་ལས་དོན་པས་ས་ཆ་དངོས་སུ་མཛུབ་ཁྲིད་བྱེད་པར་ཡོང་བ་དང་སྦྲགས། མཚོ་སྔོན་ནས་རྩྭ་འདེབས་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ཞིང་འབྲོག་པར་གསོ་སྦྱོང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།