འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།"མཛེས་པའི་མཚོ་སྔོན། ཡུལ་ལྗོངས་བརྒྱ་ལ་གཟིགས་ན་གྲོང་ཁྱེར་བརྒྱ་ལ་སྐྱོད་པ"ཞེས་པའི་
    བྱེད་སྒོ་འགོ་ཚུགས་པའམ་འཐབ་ཇུས་མཉམ་ལས་རོགས་ཟླ་འབྲེལ་བའི་
    ཆིངས་འཇོག་མཛད་སྒོ་པེ་ཅིང་དུ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་25ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཞུས་ཧའོ་ཡིས་འགོ་ཚུགས་མཛད་སྒོ་ཐོག་ཤིས་ཚིག་གསུང་པ།
    མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཞུས་ཧའོ་ཡིས་འགོ་ཚུགས་མཛད་སྒོ་ཐོག་ཤིས་ཚིག་གསུང་པ།
          ཟླ་3ཚེས་24ཉིན་གྱི་ཕྱི་དྲོར་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུས་ཀྱིས་གཙོ་སྒྲུབ་དང་། མི་དམངས་དྲ་བས་སྒྲུབ་འགན་འཁུར་བའི"མཛེས་པའི་མཚོ་སྔོན། ཡུལ་ལྗོངས་བརྒྱ་ལ་གཟིགས་ན་གྲོང་ཁྱེར་བརྒྱ་ལ་སྐྱོད་པ"ཞེས་པའི་བྱེད་སྒོ་འགོ་ཚུགས་འི་མཛད་སྒོ་དང་འཐབ་ཇུས་མཉམ་ལས་རོགས་ཟླ་འབྲེལ་བའི་ཆིངས་འཇོག་མཛད་སྒོ་པེ་ཅིང་མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྨྱན་སྦྱོར་ཐོག་ཁང་གསར་པར་སྤེལ་ཞིང་།མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུས་ཀྱིས་མི་དམངས་དྲ་བ་དང་། ཀྲུང་གོའི་ན་གཞོན་ཡུལ་སྐོར་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སི། ཀྲུང་གོའི་རྒྱལ་སྤྱི་རླུང་འཕྲིན་ལས་ཁུངས། ཀྲུང་གོའི་ཤར་ཕྱོགས་འཁྲབ་སྟོན་སྒྱུ་རྩལ་ཚོགས་པ། ཀྲུང་གོའི་ཡུལ་སྐོར་ཚགས་པར་ཁང་། པེ་ཅིང་ཕྱི་སྐད་སློབ་གླིང་གཉིས་པ། ཀྲུང་གོའི་ས་ཁྲའི་དཔེ་སྐྲུན་ཚོགས་པ། ཀྲུང་གོའི་རྒྱལ་ཁབ་ས་ཁམས་དུས་དེབ་ཁང་། ཀྲུང་གོའི་བརྙན་ལེན་ཚགས་པར་ཁང་། ་ཞེ་ཁྲེང་ཡུལ་སྐོར་དྲ་བ། ཐེན་ཞུན་ཀུང་སི་སོགས་ལས་ཁུངས་11གིས་ཆིངས་ཡིག་བཞག་སྟེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་གྱུར་པ་རེད། འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆིངས་ཡིག་བཞག་པའི་ལས་ཁུངས་11གིས་རང་ཉིད་སོ་སོའི་ཁྱད་ཡོན་ལྡན་པའི་ཐོན་ཁུངས་བརྟེན་ནས་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུས་དང་དྲིལ་སྒྲོག་མཉམ་ལས་བྱས་ཏེ་ཐུན་མོང་ཐོག"མཛེས་པའི་མཚོ་སྔོན"གྱི་ཡུལ་སྐོར་རིམ་འཕར་རྣམ་པ་འཛུགས་སྐྲུན་བྱེད་རྒྱུ་རེད།
    【1】  【2】  【3】  【4】
      

    ཕྱོགས་བསྡུས་གསར་འགྱུར།