འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།མཛེས་པའི་བོད་ལྗོངས་ཀྱི་སྐྱེ་ཁམས་བཟང་། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་28ཉིན། 15:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།མཛེས་པའི་བོད་ལྗོངས་ཀྱི་སྐྱེ་ཁམས་བཟང་།
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བྱས་པས། དྭངས་ཤིང་གཙང་བའི་རི་ཆུ་རླུང་གསུམ་ཁྲོད་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཉིན་རེ་བཞིན་ཏུ་རྒྱས་བཞིན་ཡོད་པ་རེད། དེ་ནི་མིའི་རིགས་ཀྱིས་སྲུང་སྐྱོང་ཞིབ་ཚགས་བྱས་པ་ལས་བྱུང་བ་ཡིན་ཞིང་། ད་ལྟའི་གངས་ལྗོངས་མཐོ་སྒང་སྟེང་དུ་གཙོད་དང་། རྐྱང་། རྒོ་བ། འབྲོང་སོགས་རྩ་ཆེའི་སྲོག་ཆགས་རྣམས་གང་སར་མཐོང་ཐུབ་པ་མ་ཟད། གསའ་དང་འབྲོང་སེར་ཡང་གཅིག་མིན་གཉིས་མིན་མཐོང་ཐུབ་པ་རེད། 
         ཀྲུང་གོ་ཚན་རིག་ཞིབ་འཇུག་ཁང་གིས་ཁྱབ་བསྒྲགས་བྱས་པའི་ལྟ་ཞིབ་ཚད་ལེན་ཞིབ་འཇུག་སྙན་ཞུ་གསར་ཤོས་ལས་མངོན་པ་ལྟར་ན། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་སྒྲིག་གཞི་རིགས་ཁག་སྤྱིའི་ཆ་ནས་བཤད་ན་བརྟན་པོ་ཡིན་པ་དང་། སྐྱེ་ཁམས་སྤུས་ཚད་ཡང་བརྟན་ཞིང་ལེགས་ཕྱོགས་སུ་འཕེལ་བཞིན་ཡོད་ཅིང་། ཆུ་དང་། རླུང་། སྒྲ། ས་རྒྱུ། ཁྱབ་འགྱེད་སོགས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཡང་བཟང་པོ་སྲུང་འཛིན་བྱས་ཡོད་པ་རེད།
    ༄༅།།མཛེས་པའི་བོད་ལྗོངས་ཀྱི་སྐྱེ་ཁམས་བཟང་།
      

    ཕྱོགས་བསྡུས་གསར་འགྱུར།