འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིགས་གཅིག་མཁས་ཅན་གྱིས“གནད་དོན་ཡོད་པའི་རིམས་འགོག་
    སྨན་ཁབ”ཐོན་པའི་རྐྱེན་གྱིས་སྨན་ཁབ་མི་རྒྱག་པ་བྱེད་མི་རུང་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་30ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མིག་སྔར་ཀྲུང་གོར“གནད་དོན་ཡོད་པའི་རིམས་འགོག་སྨན་ཁབ”ཐོན་པར་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ལ་དམིགས་ཏེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་རིམས་འགོག་རིག་པའི་རིགས་གཅིག་མཁས་ཅན་གྱིས“གནད་དོན་ཡོད་པའི་རིམས་འགོག་སྨན་ཁབ”ཀྱིས་ནད་ཡམས་སྔོན་འགོག་བྱེད་མ་ཐུབ་པ་ཙམ་ལས་སྨན་ཁབ་ཁོ་ནར་དུག་མེད་པས་ཁྱིམ་བདག་ཚོས་ཀྲུང་གོས“རིམས་འགོག་རྒྱ་ཆེར་གཏོང་བའི་འཆར་གཞི”བརྒྱུད་ནས་བུ་ཕྲུག་ལ་རིམས་འགོག་སྨན་ཁབ་བརྒྱབ་ནས་ནད་ཡམས་སྔོན་འགོག་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་བརྗོད་པ་རེད།
         ཀྲུང་གོར་བཅའ་སྡོད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྐུ་ཚབ་ཁྲུའུ་ཡི་རིམས་འགོག་རིག་པའི་རིགས་གཅིག་མཁས་ཅན་ལན་སི·ལུའོ་ཏེ་ཝའར་ཏེས་ཚེས་24ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཉར་ཚགས་དྲོད་ཚད་མི་འཚམ་པའམ་ཡང་ན་དུས་ཚོད་ཡོལ་བའི་རིམས་འགོག་སྨན་ཁབ་ལ་སྦགས་བཙོག་གམ་ཡང་ན་དུག་ཡོད་པར་འགྱུར་མི་སྲིད་ལ་རིམས་འགོག་སྨན་ཁབ་ཀྱི་ནུས་པ་མུ་མཐུད་ཐོན་ཐུབ་པའི་འགན་ལེན་ཡང་དེ་བས་བྱེད་མི་ཐུབ། “གནད་དོན་ཡོད་པའི་རིམས་འགོག་སྨན་ཁབ”ལས་ཐོན་པའི་མི་མངོན་པའི་བདེ་ཐང་གི་ཉེན་ཁ་ནི་སྨན་ཁབ་བརྒྱབ་རྗེས་རིམས་འགོག་ཐུབ་པའི་ནད་ཡམས་སྔོན་འགོག་བྱེད་མི་ཐུབ་པ་དེ་རེད། “གནད་དོན་ཡོད་པའི་རིམས་འགོག་སྨན་ཁབ”རྒྱག་མྱོང་ཡོད་པའི་མི་ཚོགས་ལ་སླར་ཡང་སྨན་ཁབ་རྒྱག་དགོས་པ་མ་ཟད་རིམས་འགོག་རིགས་གཅིག་མཁས་ཅན་ལ་བློ་འདྲི་བྱེད་དགོས་ཞེས་བརྗོད་པ་རེད།
         “གནད་དོན་ཡོད་པའི་རིམས་འགོག་སྨན་ཁབ”ཀྱི་གནད་དོན་དམར་རྗེན་དུ་བཏོན་རྗེས་ཀྲུང་གོའི་ཁྱིམ་བདག་མི་ཉུང་བ་ཞིག་གིས་དེའི་ཐད་སེམས་ཁྲལ་བྱས་ནས་བུ་ཕྲུག་ལ་སྨན་ཁབ་རྒྱག་གི་མེད། ལུའོ་ཏེ་ཝའར་ཏེས་གལ་སྲིད་ཁྱིམ་བདག་གིས་རིམས་འགོག་སྨན་ཁབ་ལ་ཡིད་ཆེས་མེད་པར་གྱུར་ནས་སྨན་ཁབ་མ་བརྒྱབ་ན་སྨན་ཁབ་རྒྱག་ཚད་དམའ་རུ་འགྲོ་བའི་ཁར་རིམས་འགོག་སྨན་ཁབ་ཀྱིས་སྔོན་འགོག་ཐུབ་པའི་ནད་ཡམས་ཁག་གཅིག་ཐོན་ཚད་རིམ་བཞིན་མང་དུ་འགྲོ་སྲིད་པའི་དྲན་སྐུལ་བྱས་པ་རེད།
         ཁོང་གིས་ཀྲུང་གོ་ནི་གོ་ལ་ཧྲིལ་པོ་ནས་རིམས་འགོག་སྨན་ཁབ་རྒྱག་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན་པ་དང་ཀྲུང་གོས“རིམས་འགོག་རྒྱ་ཆེར་གཏོང་བའི་འཆར་གཞིའི”ནང་སྤྱོད་པའི་རིམས་འགོག་སྨན་ཁབ་ནི་བདེ་འཇགས་དང་ནུས་པ་ལྡན་པ་ཞིག་རེད། རིམས་འགོག་འཆར་གཞི་དེ་ནི་རིམས་འགོག་སྨན་ཁབ་བརྒྱབ་རྗེས་བྱིས་པའི་བདེ་ཐང་ལ་འཇིགས་སྐུལ་ཚབས་ཆེན་བཟོ་བའི་འགོས་ནད་10ལྷག་ཙམ་སྔོན་འགོག་ཐུབ་པ་དང་ཆབས་ཅིག་རྒྱུངས་པའི་ཀླད་གཞུང་སྐྱ་བོའི་གཉན་ཚད་སེལ་བ་དང་བྱིས་པར་མཆིན་ནད་ལྡེམ་བུ་ཕོག་ཚད་ཆེས་ཆེར་དམའ་རུ་འགྲོ་བ་སོགས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་བརྗོད་པ་རེད།
         ལུའོ་ཏེ་ཝའར་ཏེས་སྤུས་ཚད་མཐོ་བའི་རིམས་འགོག་སྨན་ཁབ་ཀྱི་དོ་དམ་མ་ལག་འཛུགས་པར་རྒྱུན་སྲིང་ལྷོད་མེད་ཀྱི་འབད་བརྩོན་དང་དཔྱད་དཔོག་མུ་མཐུད་བྱེད་དགོས་ཤིང་། མིག་སྔར་རིམས་འགོག་སྨན་ཁབ་ཐོན་སྐྱེད་ནས་མཁོ་འདོན་བར་གྱི་ཉར་ཚགས་དང་ཁག་བགོས་ཚང་མར་རྒྱལ་སྤྱིའི་ཁས་ལེན་གྱི་དཔྱད་དཔོག་མ་ལག་ཡོད། ཀྲུང་གོར་མི་སྒེར་གྱི་ཁྱབ་ཁོངས་ནས་བྱུང་བའི་རིམས་འགོག་སྨན་ཁབ་དང“རིམས་འགོག་རྒྱ་ཆེར་གཏོང་བའི་འཆར་གཞིའི་ནང་འགྲེམས་ཁག་བགོས་བྱས་པའི་རིམས་འགོག་སྨན་ཁབ་གཉིས་མ་ལག་གི་དོ་དམ་གཅིག་ནང་མེད་པས་འབྲེལ་ཡོད་ལྟ་སྐུལ་དོ་དམ་སྒྲིག་གཞི་དང་རིམས་འགོག་སྨན་ཁབ་མཁོ་འདོན་ཕྱོགས་དང་སྨན་ཁབ་རྒྱག་མཁན་ཚན་པས་རྒྱལ་སྤྱིའི་དོ་དམ་ཚད་གཞི་ནན་པོ་དོན་འཁྱོལ་བྱས་ནས་རིམས་འགོག་སྨན་ཁབ་དོ་དམ་གྱི་གཅིག་གྱུར་རང་བཞིན་དང་སྤུས་ཚད་ཡག་པོ་འགན་ལེན་བྱེད་དགོས་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།