འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།སུའེ་ཙེར་གྱི་ཆུ་ཚོད་བཟོ་མཁན་ལས་རིགས་ཀྱིས་ཀྲུང་གོའི་ཁྲོམ་རར་སྔར་བཞིན་ཡིད་ཆེས་ཀྱིས་ཁེངས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་28ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སུའེ་ཙེར་གྱི་ཆུ་ཚོད་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་རེང—ཏ་ཉི་ཨེར·ཕཱ་ཧྲེ་ཡིས་ཉེ་ཆར་སུའེ་ཙེར་གྱི་པ་སེར་གྱི་ཆུ་ཚོད་འགྲེམས་སྟོན་ནང་ཞུགས་སྐབས་ན་ནིང་སུའེ་ཙེར་གྱི་ཆུ་ཚོད་ཕྱིར་གཏོང་བྱེད་ཚད་ཆག་ཡོད་མོད། འོན་ཀྱང་ལས་རིགས་དེས་ཀྲུང་གོའི་ཁྲོམ་རར་སྔར་བཞིན་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་བཤད་པ་རེད།
         2016ལོའི་པ་སེར་གྱི་འཛམ་གླིང་གི་ཆུ་ཚོད་དང་རིན་ཆེན་བརྒྱན་ཆའི་འགྲེམས་སྟོན་དེ་ཟླ་3ཚེས་17ཉིན་ནས་ཚེས་24ཉིན་བར་གཉེར་བ་དང་། འཛམ་གླིང་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་ཆུ་ཚོད་དང་རིན་ཆེན་རྒྱན་ཆའི་སྤུས་རྟགས་1500ཙམ་འགྲེམས་སྟོན་ནང་ཞུགས་ཡོད། ན་ནིང་སུའེ་ཙེར་གྱི་ཆུ་ཚོད་བཟོ་མཁན་ལས་རིགས་ཀྱི་ཕྱིར་གཏོང་དངུལ་འབོར་2014ལོ་དང་བསྡུར་ན་3.3%ཆག་པར་བརྟེན་ད་ཐེངས་ཀྱི་ཆུ་ཚོད་འགྲེམས་སྟོན་ཐོག་ལས་རིགས་དེའི་མི་སྣས་འབྱུང་འགྱུར་ལས་རིགས་དེའི་མདུན་ལམ་དང་འབྲེལ་བའི་གྲོས་བསྡུར་དང་སྔོན་དཔག་བྱེད་པའི་ཐད་གཟབ་ནན་གྱི་རྣམ་འགྱུར་བསྟན་གྱི་ཡོད་པ་རེད།
         དེ་དང་ཆབས་གཅིག་ཕཱ་ཧྲེས་ཀྲུང་གོའི་ཁྲོམ་རའི་འབྱུང་འགྱུར་ལ་སྔར་བཞིན་ཡིད་ཆེས་ཀྱིས་ཁེངས་ཤིང་། ཁོང་གིས་འདས་ཟིན་པའི་ལོ་བཅུ་གྲངས་ནང་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ངང་འཕར་ཡོད། མིག་སྔར“སྲ་བརྟན”དུས་མཚམས་ཤིག་ཏུ་སླེབས་པ་ཙམ་ཡིན། དེ་དང་དུས་མཚུངས་ཆུ་ཚོད་འཛད་སྤྱོད་ཚོགས་པའི་ཁྲོད་ཡོད་པའི་ཀྲུང་གོའི་འབྱོར་འབྲིང་རིམ་གྲས་ཀྱི་མི་གྲངས་རྒྱུན་མཐུད་ངང་མང་དུ་འགྲོ་གི་ཡོད། དེར་བརྟེན་སུའེ་ཙེར་གྱིས་ཀྲུང་གོར་བཙོངས་པའི་ཆུ་ཚོད་གྲངས་འབོར་དེ་ཉེ་བའི་ལོ་ཤས་རིང་ཆག་ཡོད་རུང་འབྱུང་འགྱུར་ཀྲུང་གོའི་ཁྲོམ་ར་དེ་ཉིད་སུའེ་ཙེར་གྱི་ཆུ་ཚོད་ལས་རིགས་ཀྱི་ཁྲོམ་ར་ཆེ་ཤོས་ཀྱི་གནས་བབ་ཐོག་སྔར་བཞིན་གནས་རྒྱུ་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།