འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཉིང་ཁྲིས་ཤིང་ནགས་ལ་བརྟེན་ནས་མཛེས་སྡུག་ལྡན་པར་གྱུར་པ་དང་ཤིང་
    ནགས་ལ་བརྟེན་ནས་ཕྱུག་པོ་ཆགས་པ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་24ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ཀྱི་ཉིང་ཁྲིས་ཤིང་ནགས་ལ་བརྟེན་ནས་མཛེས་སྡུག་ལྡན་པར་གྱུར་པ་དང་ཤིང་
ནགས་ལ་བརྟེན་ནས་ཕྱུག་པོ་ཆགས་པ་བྱས་པ།
         མི་དམངས་དྲ་བའི་འཕྲིན། ལོ་གཅིག་དུས་གཅིག་གི་ཁམ་བུའི་མེ་ཏོག་གི་རིག་གནས་ཡུལ་སྐོར་དུས་ཆེན་འགོ་མ་ཚུགས་གོང་གི་ཉིན་དེར་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོའི་མུའུ་བརྒྱ་ལྷག་ཙམ་གྱི་རི་སྐྱེས་ཁམ་བུའི་མེ་ཏོག་གིས་རི་ཕྱེད་ཀ་ཙམ་དམར་སྐྱར་གྱུར་ཡོད།
         དོ་སྣང་བྱེད་མཁན་ཧ་ཅང་ཉུང་བའི་མུའུ་བརྒྱ་ཙམ་གྱི་རི་སྐྱེས་ཁམ་བུའི་མེ་ཏོག་ལྡུམ་ར་དེ་ད་ཆ་ཡུལ་སྐོར་བས་བསྔགས་བརྗོད་བྱ་ཡུལ་དུ་གྱུར་ཡོད།
         ཧོ་ཧའེ་ལུང་སི་ཁྲོན་ནས་ཡིན་པ་དང་ཉིང་ཁྲིར་ལས་ཀ་བྱས་ནས་ལོ་མང་སོང་ཡོད། ལོ་ལྟར་གྱི་ཁམ་བུའི་མེ་ཏོག་ཚང་མ་རྫ་ཡུལ་གྱི་ནུབ་ཕྱོགས་ནས་བྲག་ཡིབ་ཆུས་བར་བཞད་ཀྱི་ཡོད་པ་དང་ཀ་ལ“ཁམ་བུའི་མེ་ཏོག་གྲོང་ཚོའི”མཛེས་སྡུག་ལྡན་པའི་སྙན་གྲགས་དེའང་མིང་དོན་མཚུངས་པ་ཞིག་ཡོད། ཁོང་གིས་བལྟས་ན་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ནི་རང་བྱུང་ཁམས་ཀྱི་བརྩམས་ཆོས་ཕུལ་བྱུང་ཞིག་ཡིན། “ས་ཆ་དེ་གའི་བོད་ཕག་ཚང་མ་ཁ་ཐོར་དུ་གསོ་ཚགས་བྱེད་ཀྱི་ཡོད་པ་དང་སར་ལྷུང་པའི་ཁམ་བུ་ཟས་རྗེས་སྒམ་ཚིག་ས་ཆ་གཞན་ལ་ཐོར་བ་ལས་གང་སར་ཁམ་བུའི་མེ་ཏོག་མཐོང་རྒྱུ་ཡོད་པ་དེ་རེད། ཉིང་ཁྲིའི་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པ་དེ་ལས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པ་མཚོན་ཐུབ”ཅེས་ཞའོ་ཧོ་ཡིས་བཤད།
         ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་ལ་ལོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་ནའང་དུས་ཡུན་རིང་པོ་དེར་དོ་སྣང་བྱེད་མཁན་མེད། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཁྱི་སྐྱག་གིས་ཉེ་སར་གནས་པའི་ཁམ་བུའི་མེ་ཏོག་ལ་མཛུབ་མོ་འཛུགས་བཞིན་དུ་མེ་ཏོག་དཀར་པོ་བཞད་པའི་ཁམ་སྟོང་གི་ལོ་ཚད་དེ་བས་རིང་བ་དང་། མེ་ཏོག་དམར་སྐྱ་བཞད་པ་དེ་ལས་འཚར་སྐྱེས་ཡག་ཤོས་ཡིན་པ་མཚོན་གྱི་ཡོད། “དེ་སྔ་ཁམ་བུའི་མེ་ཏོག་བཞད་ཀྱང་དེར་དོ་སྣང་བྱེད་མཁན་མེད། གྲོང་མི་ཚོས་ཤིང་སྡོང་གི་ཉེ་འགྲམ་དུ་ལོ་ཏོག་འདེབས་པ་དང་། ཤིང་སྡོང་གི་བསིལ་གྲིབ་འོག་སྡོད་པ། དལ་བའི་དུས་སུ་ཞབས་བྲོ་འཁྲབ་ནས་སྡོད་ཀྱི་ཡོད་ནའང་ཤིང་སྡོང་གིས་མི་རྣམས་ཀྱི་འཚོ་བར་འགྱུར་ལྡོག་གཏོང་ཐུབ་ཀྱི་རེད་སྙམ་མྱོང་མེད”ཅེས་བཤད།
         ནགས་སྲུང་ཁ་གསབ་ཀྱིས་གྲོང་མིར་ཕན་པ་ཐོབ་པ་དང་སྣོད་བཅུད་བཟང་པོ་དེ་ནོར་གཞོང་དུ་གྱུར་ཡོད།
         རྒྱལ་ལམ་318གྱི་ཉེ་འགྲམ་དུ་གནས་པའི་སངས་རྒྱས་ཚེ་རིང་གི་ཁྱིམ་ནི་ཀ་ལ་གྲོང་ཚོའི་གྲོང་མདོ་དང་ཉེ་སར་གནས་ཡོད། ལོ་ལྔ་ཡི་གོང་སྒེར་འཁོར་དང་རྐང་འཁོར་བཏང་ནས་ཉིང་ཁྲིར་ཡོང་མཁན་ཇེ་མང་དུ་སོང་བ་དང་། སྤྱང་གྲུང་ལྡན་པའི་སངས་རྒྱས་ཚེ་རིང་ལ་དེའི་ཁྲོད་ནས་ཚོང་གི་གོ་སྐབས་རག་སྟེ་ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་ཉིན་ལྟར་གྲོང་མདོར་ཡུལ་སྐོར་བ་སྐྱེལ་བསུ་བྱེད་ཀྱི་ཡོད། ད་ཆ་ཁོང་གིས་ཐང་སྐྱོད་རླངས་འཁོར་ཉོས་པ་མ་ཟད། ད་དུང་ལོ་ལྟར་ཡོང་འབབ་སྒོར་ཁྲི་10ཡོང་གི་ཡོད། “ཡུལ་སྐོར་བ་འདི་གར་ཡོང་དོན་ནི་ཁམ་བུའི་མེ་ཏོག་དང་མཛེས་ལྗོངས་ལ་བལྟ་ཆེད་ཡིན་པས་སྣོད་བཅུད་བཟང་པོ་དེ་ང་ཚོའི་གྲོང་ཚོའི་ནོར་གཞོང་ཡིན་པ་ད་ཆ་གཞི་ནས་ཤེས་རྟོགས་བྱུང”ཞེས་བཤད། བཅར་འདྲི་འཇུག་འགྲིལ་མ་ཐག་སངས་རྒྱས་བྲེལ་འཚུབ་ངང་རླངས་འཁོར་བཏང་ནས་མགྲོན་ཁང་ནང་སྡོད་མཁན་ཡུལ་སྐོར་བ་ལེན་པར་ཕྱིན་སོང་།
         མིག་སྔར་ཀ་ལ་གྲོང་ཚོའི་ཞིང་འབྲོག་དུད་ཚང་3གྱིས་ཁྱིམ་ཚང་མགྲོན་ཁང་གཉེར་བ་མ་ཟད་ད་དུང་ཡུལ་སྐོར་བར་བཟའ་འཐུང་མཁོ་འདོན་བྱེད་ཀྱི་ཡོད། “འདི་ལོ་ཁྱིམ་ཚང་མགྲོན་ཁང་གཉེར་འདོད་ཡོད་མཁན་གྱི་དུད་ཚང་19ཡོད་པ་དེ་དག་གིས་གྲོང་ཚོ་དེའི་དུད་ཚང་32ཁྲོད་ཀྱི་ཕྱེད་ཀ་ཡན་ཟིན་ཡོད”དང་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་སྟེ་དུད་ཚང་རེར་བསྒྱུར་བཀོད་རིམ་སྤོར་གྱི་མ་དངུལ་སྒོར་ཁྲི་5སྤྲད་ཡོད་ཅེས་ཁྱི་སྐྱག་གིས་བཤད།
         “ཤིང་ནགས་ལ་བརྟེན་ནས་མཛེས་སྡུག་ལྡན་པར་གྱུར་བ་དང་ཤིང་ནགས་ལ་བརྟེན་ནས་ཕྱུག་པོ་ཆགས་པ”དེ་ཐུན་མོང་གི་ངོས་འཛིན་ལ་གྱུར་བ་དང“གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”གྱིས་སྣོད་བཅུད་ལ་བརྟེན་ནས་གྲོང་ཁྱེར་བཏོད་ཡོད།
         དཔྱིད་དུས་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པ་དེ་ཐོག་ནས་ཉིང་ཁྲིས་ལོ་གཅིག་ནང་གི་ཡུལ་སྐོར་བ་མང་ཤོས་ཀྱི་དུས་ཚོད་བསུས་པ་མཚོན་ཐུབ། “ང་ཚོའི་སྣོད་བཅུད་ཡུལ་སྐོར་ནི་སྔར་བཞིན་འགོ་ཚུགས་ཀྱི་དུས་མཚམས་སུ་གནས་ནས་སྣེ་ལེན་ཞུ་ནུས་ཧ་ཅང་ཚད་དང་ལྡན་པ་ཞིག་ཡོད”ཅེས་ཉིང་ཁྲི་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་བསམ་གྲུབ་ཀྱིས་བཤད། ཉིང་ཁྲིར་མི་འབོར་ཁྲི་20ཡོད་པའི་ནང་མི་5000ཙམ་ལ“ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་ཡོང་གི་ཡོད”“མང་ཚོགས་ཀྱི་འདུ་ཤེས་འགྱུར་ལྡོག་གཏོང་བར་བརྒྱུད་རིམ་ཞིག་བརྒྱུད་དགོས་པས་ང་ཚོས་མུ་མཐུད་ཁྲིད་སྟོན་དང་རོགས་སྐྱོར་བྱེད་དགོས”བསམ་གྲུབ་ཀྱིས་ཞིང་འབྲོག་པ་ཁག་གཅིག་སྤོ་བོ་རྫོང་དུ་སློབ་སྦྱོང་བྱེད་པར་འཁྲིད་རྩིས་ཡོད་པ་དེ་ནི་ས་ཆ་དེར་ཁྱིམ་ཚང་མགྲོན་ཁང་ཧ་ཅང་གི་ཡག་པོ་གཉེར་ཡོད་པས་རེད།
         ན་ནིང་ཀ་ལ་ཁམ་བུའི་མེ་ཏོག་གྲོང་ཚོའི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་40ཟིན་པ་དང་། དུད་ཚང་རེར་ཁེ་སྤོགས་དངུལ་སྒོར་ཁྲི་1ལྷག་ཙམ་བྱུང་ཡོད། གཞན་ཡང་བོད་སྐྱོར་མ་དངུལ་གྱི་རོགས་རམ་འོག་གྲོང་ཚོ་དེར་ཐོག་སོ་གསུམ་ལྡན་པའི་ཡུལ་སྐོར་སྣེ་ལེན་ལྟེ་གནས་སྐྲུན་པ་རེད། ཡུལ་སྐོར་བར་ཀོང་པོ་རྒྱ་མདའི་བོད་རིགས་ཀྱི་སྲོལ་རྒྱུན་གྱི་ཟས་མཆོག་བཟའ་རྒྱུ་ཡོད་པ་མ་ཟད་ད་དུང་མདའ་དང་སྒོར་གཞས་སོགས་དམངས་སྲོལ་རིག་གནས་ཉམས་སུ་མྱོང་རྒྱུ་ཡོད། “ང་ཚོས‘སྒོ་འཛིན་དཔལ་འབྱོར’རིམ་བཞིན་མེད་པ་བཟོས་ཏེ་ཞབས་ཞུ་སྤུས་ལེགས་དང་ཁྱད་ལྡན་གྱི་ཀོང་པོའི་རིག་གནས་ལ་བརྟེན་ནས་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུག་རྒྱུ་ཡིན”ཞེས་བསམ་གྲུབ་ཀྱིས་བཤད།
         ད་ཆ“ཤིང་ནགས་ལ་བརྟེན་ནས་མཛེས་སྡུག་ལྡན་པར་གྱུར་བ་དང་ཤིང་ནགས་ལ་བརྟེན་ནས་ཕྱུག་པོ་ཆགས་པ”བྱ་རྒྱུ་དེ་ཉིང་ཁྲི་བ་ཚོའི་ཐུན་མོང་གི་ངོས་འཛིན་ལ་གྱུར་ཡོད། “གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནགས་ཁུལ་གྱིས་བྱེད་སྟངས་གཞན་ཞིག་གི་ཐོག་ནས་ས་ཆ་དེ་གར་འཚོ་བ་སྐྱེལ་མཁན་ཕ་ཚ་བུ་རྒྱུད་ཚོར་དྲིན་གསོ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།