འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བདེ་འཇགས་ལྟ་ཞིབ་སྤྱི་ཁྱབ་ཅུས་ཀྱིས་དཔྱིད་དུས་ཀྱི་བདེ་འཇགས་ཐོན་སྐྱེད་ལྟ་ཞིབ་དང་
    བརྟག་ཞིབ་ལས་དོན་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་28ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་རྒྱལ་ཁབ་བདེ་འཇགས་ལྟ་ཞིབ་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ཁོང་ཚོས་ལྟ་ཞིབ་ཚོགས་ཆུང་ཁག་10ཧྲན་ཏུང་དང་། ཅང་སུའུ། སི་ཁྲོན་སོགས་ཞིང་ཆེན་17གྱི་གཙོ་གནད་ས་ཁུལ་ཁག་གཅིག་ཏུ་དཔྱིད་དུས་ཀྱི་བདེ་འཇགས་ཐོན་སྐྱེད་ལྟ་ཞིབ་དང་བརྟག་ཞིབ་བྱེད་པར་གཅིག་རྗེས་གཉིས་མཐུད་ངང་མངག་གཏོང་བྱས་པ་རེད།
         བསྡོམས་རྩིས་དབྱེ་ཞིབ་བྱས་པ་ལས་མངོན་པར། དཔྱིད་དུས་དང་ལྷག་པར་དུ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོགས་རྗེས་ཀྱི་དུས་མཚམས་ཤིག་རིང་ཁེ་ལས་ལས་འགོ་ཚུགས་པ་དང་གནམ་གཤིས་དྲོ་རུ་ཕྱིན་པ་སོགས་དུས་ཚིགས་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་དོད་པའི་ཁར། ཁེ་ལས་ཀྱི་ཐོན་སྐྱེད་བྱེད་ནུས་ལྷག་མ་བྱུང་བ་དང་གཉེར་སྐྱོང་མ་གནས་འཕར་བ་སོགས་རྒྱུ་རྐྱེན་མང་པོས་རྐྱེན་པས་བདེ་འཇགས་ཐོན་སྐྱེད་དུས་བབ་ཛ་དྲག་པོ་ཡོད། ཉེ་བའི་ལོ་བཅུའི་རིང་ཟླ་གསུམ་པ་ནི་དོན་རྐྱེན་ཆེན་པོ་དང་ཚབས་ཆེན་ཐོན་མང་བ་དང་ཡང་ཡང་ཐོན་པའི་ཟླ་བ་ཞིག་ཡིན་པ་དང་། ཆ་སྙོམས་དོན་རྐྱེན་ཐོན་ཚད་ལོ་ཧྲིལ་པོའི་ཟླ་བ་ཁག་གི་མང་ཤོས་དང་ཆ་སྙོམས་མི་ཤི་རྨས་བྱུང་ཚད་ལོ་ཧྲིལ་པོའི་ཟླ་བ་ཁག་གི་ཨང་གཉིས་པ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།