འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཚའོ་ཅན་མིང་གིས་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་དམངས་མང་ཚོགས་ཀྱི་རེ་བ་གསར་པ་དང་
    རེ་སྒུག་གསར་པར་བརྡ་ལན་ཧུར་ཐག་སློག་དགོས་ཞེས་གསུངས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་28ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཚེས་25ཉིན་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཚའོ་ཅན་མིང་གིས་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་དམངས་མང་ཚོགས་ཀྱི་རེ་བ་གསར་པ་དང་རེ་སྒུག་གསར་པར་བརྡ་ལན་ཧུར་ཐག་བསློགས་ནས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། དངོས་འཛིན་དངོས་སྒྲུབ་ཀྱི་སྒོ་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཞིབ་དཔྱོད་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་མ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ཚའོ་ཅན་མིང་གིས་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཚོགས་དུས་བདེ་འཆམ་མཐུན་ཡོང་བའི་མི་དམངས་ཀྱི་རེ་སྒུག་འཕྱུགས་མེད་ཁོང་དུ་ཆུད་པ་བྱས་ནས། ནུས་ཤུགས་ཡོད་རྒུས་དཀའ་གནད་སེལ་བ་དང་ཞན་ཆ་གསབ་ནས་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པ་དང་། འཕེལ་རྒྱས་བྱེད་མགྱོགས་སུ་གཏོང་རྒྱུའི་མི་དམངས་ཀྱི་རེ་སྒུག་འཕྱུགས་མེད་ཁོང་དུ་ཆུད་པ་བྱས་ནས་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་ཞབས་ཞུ་གོང་འཕེལ་གཏོང་རྒྱུ་དེ་སྔར་བས་གནས་བབ་མངོན་གསལ་དོད་སར་བཞག་ནས་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་དགོས་པ། བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་རྒྱུའི་མི་དམངས་ཀྱི་རེ་སྒུག་འཕྱུགས་མེད་ཁོང་དུ་ཆུད་པ་བྱས་ནས་དམངས་འཚོ་སྔར་བས་ལེགས་པའི་སྒོ་ནས་འགན་ལེན་དང་ལེགས་སུ་གཏོང་དགོས་པ། སྤྱོད་ཚུལ་གཞུང་དྲང་ཡོང་བའི་མི་དམངས་ཀྱི་རེ་སྒུག་འཕྱུགས་མེད་ཁོང་དུ་ཆུད་པ་བྱས་ནས་རུལ་སུངས་ཡོད་ཚེ་ངེས་པར་དུ་ངོ་རྒོལ་དང་ལྐོག་ཟ་ཡོད་ཚེ་ངེས་པར་དུ་དོ་དམ་ནན་པོ་བྱེད་རྒྱུར་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ནུས་ལྡན་ལམ་སྲོལ་ཆགས་རྒྱུར་སྐུལ་མ་གཏོང་དགོས་པ། གཞུང་དྲང་དྲང་བདེན་ཡོང་བའི་མི་དམངས་ཀྱི་རེ་སྒུག་འཕྱུགས་མེད་ཁོང་དུ་ཆུད་པ་བྱས་ནས། གཏུག་བཤེར་བྱེད་སྒོར་བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་དགོས་པ། སྒྱུར་བཅོས་ཐོབ་སེམས་ཀྱི་མི་དམངས་ཀྱི་རེ་སྒུག་འཕྱུགས་མེད་ཁོང་དུ་ཆུད་པ་བྱས་ནས། ཁྲིམས་འཛིན་སྒྱུར་བཅོས་ལ་སྐུལ་མ་གཏིང་ཟབ་བཏང་སྟེ་སྒྱུར་བཅོས་ཀྱི་ལས་འགན་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས་པ། ཁྲིམས་འཛིན་ལ་ཀུན་གྱི་ཡིད་ཆེས་བྱེད་པའི་མི་དམངས་ཀྱི་རེ་སྒུག་འཕྱུགས་མེད་ཁོང་དུ་ཆུད་པ་བྱས་ནས། ཉམས་སད་ཐེག་ཐུབ་པའི་ཞིབ་དཔྱོད་དཔུང་ཁག་བཙུགས་ཏེ་ནན་ཞིང་ཚད་ལྡན་དང་གཞུང་དྲང་ཤེས་དཔལ་གྱི་ཁྲིམས་འཛིན་ཆུ་ཚད་གོང་མཐོར་གཏོང་དགོས་པ། རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་པའི་རྣམ་འགྱུར་གྱི་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་དམངས་གཙོའི་ལྟ་སྐུལ་དང་ལེན་བྱེད་པའི་ཐབས་ལམ་དང་། བྱ་ཐབས། ལམ་སྲོལ་བཅས་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།