འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་ལོ་15རིང་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་ལག་བསྟར་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་28ཉིན། 17:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་ནས་ཤེས་རྟོགས་བྱུང་བ་ལྟར་ན། འདི་ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་བཙུགས་ཏེ་རང་སྐྱོང་ཁུལ་6གི་སློབ་མ་ཡོངས་དང་། ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མའི་སློབ་ལོ་མ་ལོན་པའི་སྔོན་གྱི་ལོ་གསུམ་དང་། འོས་འགན་སློབ་གསོ་ལོ་དགུ། མཐོ་རིམ་སློབ་འབྲིང་དཀྱུས་མ། འབྲིང་རིམ་ལས་རིགས་སློབ་གསོ་ལོ་གསུམ་བཅས་ལོ་15ཡི་རིང་གི་སློབ་ཡོན་མི་བསྡུ་བ་ལག་བསྟར་བྱས་ཤིང་། ལག་བསྟར་བྱེད་ཐེངས་དང་པོར་སློབ་མ་ཁྲི་86.1ལ་ཕན་པ་བྱུང་བ་རེད།
         སློབ་ལོ་མ་ལོན་པའི་སྔོན་གྱི་སློབ་གསོ་དུས་རིམ་དུ་སློབ་ལོ་མ་ལོན་པའི་སྔོན་གྱི་ལོ་གསུམ་རིང་གི་བྱིས་གསོ་སློབ་གསོའི་སློབ་ཡོན་མི་བསྡུ་བ་རེད། དེའི་ནང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སློབ་ལོ་མ་ལོན་པའི་སྔོན་ལ་ལོ་རེར་སྒོར་2200རེའི་ཚད་གཞི་ལྟར་བུ་བཅོལ་ཁང་གི་སྤྱི་སྤྱོད་གྲོན་དངུལ་ཁ་གསབ་རོགས་རམ་བྱེད་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་གྲྭ་ཚང་མར་སློབ་ཡོན་རྩག་རྩིག་མི་ལེན་པ་མ་ཟད། རིན་པ་མི་དགོས་པར་སློབ་དེབ་མཁོ་སྤྲོད་བྱེད་རྒྱུ་རེད། ཞིང་འབྲོག་ས་ཁུལ་གྱི་ཞག་སྡོད་སློབ་མར་མུ་མཐུད་དེ་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་དང་། གྲོང་ཁྱེར་གྱི་དབུལ་ཕོངས་ཁྱིམ་ཚང་གི་ཞག་སྡོད་སློབ་མ་ཡང་ཁ་གསབ་རོགས་དངུལ་སྤྲོད་པའི་ཁོངས་སུ་བཅུག་སྟེ་ལོ་རེར་སློབ་ཆུང་སློབ་མ་རེར་སྒོར་1100དང་། དམའ་རིམ་སློབ་འབྲིང་སློབ་མ་རེར་སྒོར་1350ཡི་ཚད་གཞི་ལྟར་འཚོ་བའི་ཁ་གསབ་རོགས་དངུལ་མཁོ་སྤྲོད་བྱེད་རྒྱུ་དང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོར་སློབ་ཡོན་རྩག་རྩིག་མི་ལེན་པ་མ་ཟད། རིན་པ་མི་དགོས་པར་སློབ་དེབ་མཁོ་སྤྲོད་བྱེད་ཅིང་། དབུལ་ཕོངས་ཁྱིམ་ཚང་གི་སློབ་མར་མུ་མཐུད་ནས་ད་ལྟ་ལག་བསྟར་བྱེད་བཞིན་པའི་ལོ་རེར་སློབ་མ་རེར་ཆ་སྙོམས་སུ་སྒོར་2000ཡི་ཚད་གཞི་ལྟར་སློབ་སྐྱོར་རོགས་དངུལ་མཁོ་སྤྲོད་བྱེད་རྒྱུ། འབྲིང་རིམ་ལས་རིགས་སློབ་གསོ་ལ་མུ་མཐུད་དུ་སློབ་ཡོན་རྩག་རྩིག་མི་ལེན་པ་དང་། རིན་པ་མི་དགོས་པར་སློབ་དེབ་མཁོ་སྤྲོད་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་རྒྱུ། སློབ་རིམ་དང་པོ་དང་གཉིས་པའི་ཞིང་འབྲོག་ས་ཁུལ་གྱི་སློབ་མ་དང་། གྲོང་ཁྱེར་གྱི་དབུལ་ཕོངས་ཁྱིམ་ཚང་དང་ཞིང་ལས་དང་འབྲེལ་བའི་ཆེད་སྦྱོང་ལས་རིགས་ཀྱི་སློབ་མར་ད་ལྟ་ལག་བསྟར་བྱེད་བཞིན་པའི་ལོ་རེར་སློབ་མ་རེར་ཆ་སྙོམས་སུ་སྒོར་2000ཡི་ཚད་གཞི་ལྟར་སློབ་སྐྱོར་རོགས་དངུལ་མཁོ་སྤྲོད་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།