འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱིས་དབྱར་དུས་དང་སྟོན་དུས་ཀྱི་དུས་གཏན་གནམ་གྲུའི་
    འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་28ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཚེས་26ཉིན་དམངས་སྤྱོད་མཁའ་འགྲུལ་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོ་དམངས་སྤྱོད་མཁའ་འགྲུལ་གྱི་དབྱར་དུས་དང་སྟོན་དུས་ཀྱི་དུས་གཏན་གནམ་གྲུའི་འཆར་འགོད་དེ་ཟླ་3ཚེས་27ཉིན་ནས་ཟླ་10ཚེས་29ཉིན་བར་ལག་བསྟར་བྱ་རྒྱུ་ཡིན་པ་དང་། དུས་ཚིགས་འགྱུར་བའི་མཚམས་ཀྱི་དུས་གཏན་གནམ་གྲུའི་ལམ་ཐིག་མང་དུ་གཏོང་བ་དང་ཆབས་ཅིག མཁའ་འགྲུལ་གྱི་བདེ་འཇགས་དང་ཞབས་ཞུའི་སྤུས་ཚད་ལྟ་སྐུལ་དོ་དམ་ལ་དེ་བས་དོ་སྣང་ཆེན་པོ་བྱ་རྒྱུ་རེད།
         འདི་ལོའི་དབྱར་དུས་དང་སྟོན་དུས་ཀྱི་དུས་གཏན་གནམ་གྲུའི་འཆར་འགོད་ལྟར་ན་རྒྱལ་ནང་གི་དུས་གཏན་གནམ་གྲུའི་མཁའ་ལམ་ཐད། རྒྱལ་ནང་མཁའ་འགྲུལ་ཀུང་སིས་ཁྱོན་རྒྱལ་ནང་གི་དུས་གཏན་གནམ་གྲུ་གཟའ་འཁོར་རེར་ཐེངས་59111བཀོད་སྒྲིག་བྱ་རྒྱུ་དེ་དུས་མཚུངས་ལས་7%མང་དུ་ཕྱིན་པ་རེད།
         ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་དུས་གཏན་གནམ་གྲུའི་མཁའ་ལམ་ཐད། ནང་སའི་མཁའ་འགྲུལ་ས་ཚིགས་48དང་ཤང་ཀང་དབར་གཟའ་འཁོར་རེར་འགྲུལ་ཟོག་སྐྱེལའདྲེན་གྱི་དུས་གཏན་གནམ་གྲུ་ཁྱོན་2150བཀོད་སྒྲིག་བྱ་རྒྱུ་དང་། ནང་སའི་མཁའ་འགྲུལ་ས་ཚིགས་22དང་ཨའོ་མོན་དབར་གཟའ་འཁོར་རེར་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་484བཀོད་སྒྲིག་བྱ་རྒྱུ། སྐམ་ས་ཆེན་མོའི་མཁའ་འགྲུལ་ས་ཚིགས་55དང་ཐའེ་དབན་ཐའོ་ཡོན་སོགས་མཁའ་འགྲུལ་ས་ཚིགས་7དབར་གཟའ་འཁོར་རེར་འགྲུལ་ཟོག་སྐྱེལ་འདྲེན་དུས་གཏན་གནམ་གྲུ་ཁྱོན་1740བཀོད་སྒྲིག་བྱ་རྒྱུ་བཅས་རེད།
         རྒྱལ་སྤྱིའི་དུས་གཏན་གནམ་གྲུའི་མཁའ་ལམ་ཐད། རྒྱལ་ནང་གི་མཁའ་འགྲུལ་ཀུང་སིས་གཟའ་འཁོར་རེར་རྒྱལ་སྤྱིའི་དུས་གཏན་གནམ་གྲུ་9276བཀོད་སྒྲིག་བྱས་ཏེ། རྒྱལ་ཁབ་56གི་གྲོང་ཁྱེར་143ལ་འཕུར་རྒྱུ་ཡིན་པ་དེའི་ནང་ཝེ་ཐེ་ནམ་གྱི་ཧྥུ་གོ་གླིང་ཕྲན་དང་དབྱིན་ཇིའི་མན་ཁྲེ་སི་ཐ་དང་པོ་མིང་ཧན་སོགས་ལ་གནམ་གྲུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་གསར་སྣོན་བྱ་རྒྱུ་དང་། རྒྱལ་སྤྱིའི་མཁའ་ལམ་60གསར་དུ་གཏོད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།