འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།དཔྱིད་གསར་དུས་ཆེན་རིང་བདེ་ཆེན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་20ལྷག་ཙམ་ལ་སྣེ་ལེན་ཞུས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་18ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཡུན་ནན་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དཔྱིད་གསར་དུས་ཆེན་རིང་། ཡུན་ནན་བདེ་ཆེན་ཀྲོའུ་ཡིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་21.18ལ་སྣེ་ལེན་ཞུས་པའི་ནང་ཡུལ་སྐོར་ཉིན་གཅིག་བྱེད་མཁན་ཁྲི་13དང་གསོལ་མགྲོན་ཁང་ཞག་སྡོད་མཁན་ཁྲི་8.18བྱུང་ཡོད་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། སྦུ་དར་མཚོ་རྒྱལ་ཁབ་སྤྱི་གླིང་གིས་ཡུལ་སྐོར་བ་16146དང་། སྟག་མཆོང་གྲོག་རོང་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་32400 སུམ་རྩེན་གླིང་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་8116 ཤྭ་ཁ་གངས་རིའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་6038འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་944ཆུ་དཀར་ཆུ་ནག་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་554བཅས་ལ་སྣེ་ལེན་ཞུས་ཡོད་པ་རེད།
         དཔྱིད་གསར་དུས་ཆེན་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་ཐེངས་84472ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་བློ་འདྲི་ཐེངས་10དང་ལེན་བྱས་པ། ཡུལ་སྐོར་གྱི་བདེ་འཇགས་འགན་འཁྲིའི་ལས་འཛོལ་གཅིག་ཀྱང་ཐོན་མེད་པ། ཚོགས་པས་ཞུ་གཏུག་རྒྱག་མཁན་གཅིག་ཀྱང་བྱུང་མེད་པ། ཡུལ་སྐོར་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་གཏན་འཁེལ་བྱས་མེད་པའི་གཉེར་སྐྱོང་ཁང་ཁག་གཅིག་ནང“སྨན་རྫས་མངགས་བཅོལ”གྱི་བསླུ་ཁྲིད་བྱས་པ་དང་རིན་གོང་མཐོ་པོ་བླངས་པ་ལས་ཐོན་པའི་རྩོད་གཞི་དག་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ། འབྲེལ་ཡོད་ཚན་པས་ཆུ་ཚོད་24ཡི་སྡོད་བྱ་དང་འགོ་ཁྲིད་སྣེ་ཁྲིད་ལམ་ལུགས་མཐའ་འཁྱོངས་བྱས་པ། ཡུལ་སྐོར་ཁེ་ལས་ཁག་གིས་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་ལ་སྣང་ཆེན་བྱས་པ། གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཐད་ཀྱི“བདེ་འཇགས་དང་། སྤུས་ཚད། སྒྲིག་ལམ། ཕན་འབྲས”བཅས་གཅིག་གྱུར་བཞིའི་དམིགས་ཚད་མངོན་འགྱུར་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།