འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཧུའུ་ནན་དུ་གྲོང་ཁྱེར་དང་གྲོང་གསེབ་གྲུབ་ཆ་མི་འདྲ་བ་གཉིས་ཀྱི་ཐེམ་ཐོའི་ལམ་ལུགས་
    ལག་ལེན་བསྟར་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་18ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་ཧུའུ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས་པར་འགྲེམས་བྱས་པའི་《ཧུའུ་ནན་ཞིང་ཆེན་གྱི་རྒྱུན་སྡོད་ཐེམ་ཐོ་ཐོ་འགོད་དོ་དམ་བྱ་ཐབས་》ནང་། ཧུའུ་ནན་ཞིང་ཆེན་དུ་ཞིང་པའི་ཐེམ་ཐོ་དང་ཞིང་པ་མིན་པའི་ཐེམ་ཐོ་ཞེས་པའི་དབྱེ་བ་མི་འབྱེད་པ་གསལ་པོ་བཀོད་ཡོད།
         《བྱ་ཐབས་》ནང་གཏན་འབེབས་བྱས་དོན། ཧུའུ་ནན་ཞིང་ཆེན་གྱི་སྲིད་འཛིན་ཁོངས་གཏོགས་སུ་ཐེམ་ཐོ་ཐོ་འགོད་དོ་དམ་བྱེད་སྐབས། ཞིང་པའི་ཐེམ་ཐོ་དང་ཞིང་པ་མིན་པའི་ཐེམ་ཐོ་ཞེས་པའི་ངོ་བོའི་དབྱེ་བ་མེད་པ་བཟོས་ནས་གཅིག་གྱུར་ཐོག་གྲོང་མིའི་ཐེམ་ཐོར་ཐོ་འགོད་བྱ་རྒྱུ་རེད། གྲོང་ཁྱེར་དང་གྲོང་རྡལ་དུ་ཐེམ་ཐོ་ཐོ་འགོད་ཀྱི་ཆ་རྐྱེན་དང་མཐུན་རིགས་ཐེམ་ཐོ་གྲོང་གསེབ་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་བསྒྱུར་ཆོག་པ་དང་། རང་གའི་སྐྱེ་ཁུངས་ཀྱི་ཐེམ་ཐོ་གནས་ཡུལ་དུ་ཐེམ་ཐོ་ཐོ་འགོད་བྱེད་འདོད་ཚེ། ཐེམ་ཐོ་དང་གྲོང་མིའི་ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས་སྐྱེ་ཡུལ་ཐེམ་ཐོ་གནས་ཡུལ་དུ་བསྒྱུར་རྒྱུའི་རེ་བ་འདོན་ཆོག དེ་དང་དུས་མཚུངས་ཐེམ་ཐོ་ཐོ་འགོད་བྱེད་པར“ཐེམ་དུད”ཚན་པར་བྱས་ཡོད། “ཐེམ་དུད”ནང་ཁྱིམ་ཚང་ཐེམ་དུད་དང་མཉམ་སྡེབ་ཐེམ་དུད་ཚུད་ཡོད། ས་གནས་དེ་གར་ཐེམ་ཐོ་བཟོ་བའི་ཆ་རྐྱེན་དང་མཐུན་པ་མ་ཟད། ཁྲིམས་ལྟར་སྒེར་བདག་སྡོད་ཁང་གི་བདག་དབང་ངམ་ཡང་ན་སྡོད་ཁང་དོ་དམ་སྡེ་ཚན་གྱིས་ཐད་ཀར་དོ་དམ་བྱེད་པའི་སྡོད་ཁང་སོགས་གཞུང་ཁང་སྤྱོད་དབང་ལྡན་ཁར། ནང་མི་དང་མཉམ་དུ་སྡོད་པའམ་ཡང་རང་ཉིད་གཅིག་པུ་སྡོད་ཁང་དེའི་ནང་སྡོད་པའི་སྤྱི་དམངས་ཀྱིས་སྡོད་ཁང་དེའི་གནས་ཡུལ་དུ་ཁྱིམ་ཚང་ཐེམ་ཐོ་བཟོ་ཆོག
      

    ཕྱོགས་བསྡུས་གསར་འགྱུར།