འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྐུ་ཚབ་ཀྱིས་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དང་ཁྲིམས་སྐྱོང་ཅན་དུ་
    འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་18ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་15ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ལིའུ་ཅེ་དབྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཡོངས་བསྒྲགས་རྩོད་གླེང་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་》ལ་སྔར་བཞིན་སྐྱེ་སྟོབས་ཀྱི་ནུས་པ་ཆེན་པོ་དང་དོན་དངོས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པས་དེའི་དམིགས་ཡུལ་དང་རྩ་དོན་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་ཞུ་དགོས་པ་མ་ཟད། གཙོ་གནད་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དང་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུར་སྐུལ་མ་ཤུགས་ཆེན་གཏོང་དགོས་ཞེས་བརྗོད་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དེ་ཉིན“《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་》གྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་བཀུར་ཞུས་ནས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་པའི”ཡོངས་བསྒྲགས་ཀྱི་རྩོད་གླེང་ཚོགས་འདུ་འཚོགས་པ་རེད། ལིའུ་ཅེ་དབྱིས་གཏམ་བཤད་སྤེལ་སྐབས་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་》ནང་མིའི་རིགས་ཀྱིས་འཛམ་གླིང་དམག་ཆེན་ཐེངས་གཉིས་ལ་བསམ་ཞིབ་གཏིང་ཟབ་བྱས་ནས་འཛམ་གླིང་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་ཐུན་མོང་ཐོག་བསྐྲུན་རྒྱུའི་བརྗིད་ཆེའི་དམིགས་ཚད་བཀོད་པ་མཚོན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་འཛམ་གླིང་གི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ཁར་དེའི་དམིགས་ཡུལ་དང་རྩ་དོན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།