འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུའེ་ཀྲོའུ་ཡིས་ལོ་5ཡི་ནང་འོད་སྐུད་དང་4Gདྲ་བ་གྲོང་ཚོ་ཀུན་ལ་ཁྱབ་པ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་18ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀུའེ་ཀྲོའུ་ཞིང་ཆེན་འཕྲིན་གཏོང་དོ་དམ་སྡེ་ཚན་གྱིས།“དྲ་རྒྱའི་དབུལ་སྐྱོར”ལག་བསྟར་ཤུགས་ཆེན་བྱས་ཏེ། ལོ་5ཡི་ནང་སྒོར་དུང་ཕྱུར་75བཏང་ནས་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་འོད་སྐུད་དང་4Gདྲ་བ་ཁྱབ་པ་དང་ཤང་གྲོང་དབུལ་པོ་ཚང་མར་དྲ་ཆེན་ཁྱབ་པ་བྱ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོ་ནས་2020ལོ་བར་ཀུའེ་ཀྲོའུ་ཡིས་ལོ་ལྟར་སྒོར་དུང་ཕྱུར་15བཏང་ནས་ཤང་གྲོང་དབུལ་པོ་100ལས་མི་ཉུང་བར་དྲ་ཆེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ། དྲ་ཆེན་གྲོང་ཚོ་དབུལ་པོར་ཁྱབ་མགྱོགས་སུ་གཏོང་རྒྱུ་རེད། དུས་མཚུངས་ཀུའེ་ཀྲོའུ་ཡིས་སྲིད་འཛིན་གྲོང་ཚོར་འོད་སྐུད་ཤར་གཏོང་གི་འཛུགས་སྐྲུན་མུ་མཐུད་བྱས་ཏེ། གྲོང་གསེབ་ཀྱི་དྲ་ཆེན་འཇུག་མཐུད་འབྲེལ་ནུས་པ་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་4Gདྲ་བ་ཁྱབ་པའི་ལས་གྲྭ་ལག་བསྟར་བྱ་རྒྱུ་རེད།
         2020ལོར་སླེབས་སྐབས་ཀུའེ་ཀྲོའུ་ཞིང་ཆེན་གྱིས་འཕྲིན་གཏོང་འོད་སྐུད་སྤྱི་ལེ་ཁྲི་25དང་སྦྲེལ་ཚུགས་ཁྲི་3.2གསར་སྐྲུན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཤང་གྲོང་དབུལ་པོ་དང་དེ་བཞིན་དེའི་ཁོངས་གཏོགས་ཀྱི་གྲོང་ཚོ་དབུལ་པོར་དྲ་ཆེན་ཁྱབ་པ་བྱ་རྒྱུ་དང་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར་འོད་སྐུད་ཤར་གཏོང་ཐུབ་ཚད་དང་4Gདྲ་བ་ཁྱབ་ཚད་ཚང་མ་100%ཟིན་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།