འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་བྱ་ཐབས་སྣ་མང་སྤྱད་དེ་མཚམས་སྦྱོར་ཞབས་ཞུ་སྤྱི་ཚོགས་ཅན་དུ་འགྱུར་རྒྱུར་སྐུལ་མ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་18ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཡུན་ནན་ཞིང་ཨུད་སྒྲིག་ཁོངས་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྲིད་འཛིན་ཞིབ་མཆན་གྱི་མཚམས་སྦྱོར་ཞབས་ཞུ་སྤྱི་ཚོགས་ཅན་དུ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་འབྲེལ་ཡོད་བསམ་འཆར་བཏོན་པའི་ནང་ནུས་ལྡན་གྱི་བྱ་ཐབས་སྣ་མང་ཁ་གསལ་བཟོས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་《སྲིད་འཛིན་ཞིབ་མཆན་གྱི་མཚམས་སྦྱོར་ཞབས་ཞུའི་དོ་དམ་ཚད་ལྡན་དུ་བཏང་ནས་སྲིད་འཛིན་ཞིབ་མཆན་གྱི་མཚམས་སྦྱོར་ཞབས་ཞུ་སྤྱི་ཚོགས་ཅན་དུ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》ཆེད་མངགས་བཏོན་ཏེ། གཙོ་གནད་ཐོག་ཕྱོགས་འགའ་ཤས་ཐད་གཏན་འབེབས་བྱས་ཡོད་པ་རེད།
         སྲིད་འཛིན་ཞིབ་མཆན་གྱི་མཚམས་སྦྱོར་ཞབས་ཞུའི་དོ་དམ་ཚད་ལྡན་ཅན་དུ་བཏང་ཞིང་། སྲིད་འཛིན་ཞིབ་མཆན་གྱི་བདག་སྤྲོད་ཆ་རྐྱེན་ཡོད་པའི་མཚམས་སྦྱོར་ཞབས་ཞུའི་དོན་གནད་ལ་གསལ་ཐོ་བཟོས་ནས་དོ་དམ་བྱེད་པ་དང་། གསལ་ཐོ་དེ་ཡུན་ནན་སྒྲིག་གཞིའི་སྒྲིག་ཁོངས་དྲ་བ་དང་། ཞིང་ཆེན་ཐད་གཏོགས་ཀྱི་སྲིད་འཛིན་ཞིབ་མཆན་སྡེ་ཚན་ཁག་གི་གཙོ་ཆེའི་དྲ་ཚིགས། རིམ་ཁག་སྲིད་འཛིན་ཞིབ་མཆན་དྲ་ཐོག་ཞབས་ཞུའི་ཚོམས་ཆེན། སྲིད་དོན་ཞབས་ཞུའི་ལྟེ་གནས་བཅས་སུ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་དང་། གསལ་ཐོའི་ནང་བཅུག་མེད་པའི་མཚམས་སྦྱོར་ཞབས་ཞུའི་དོན་གནད་ཚང་མ་སྲིད་འཛིན་ཞིབ་མཆན་གྱི་བདག་སྤྲོད་ཆ་རྐྱེན་ལ་སླར་ཡང་བརྩི་ཆོག་གི་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།