འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།པོ་དབྱིན་ཀུང་སིས་མ་འོངས་ལོ་20ཡི་རིང་ཨེ་ཤེ་ཡ་ཤར་ལྷོའི་ཁྲོམ་རའི་མདུན་ལམ་ཡག་
    པོ་ཡོད་པའི་ངོས་འཛིན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་18ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་15ཉིན་ཨ་རིའི་པོ་དབྱིན་ཀུང་སིས་སིང་ཀ་ཕོར་དུ་《ཨེ་ཤེ་ཡ་ཤར་ལྷོའི་ཁྲོམ་རའི་མདུན་ལམ་གྱི་སྙན་ཞུ་》ཞེས་པ་ཁྱབ་བསྒྲགས་བྱས་ཏེ་མ་འོངས་ཀྱི་ལོ་20ཡི་ནང་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་དུ་གནམ་གྲུ་3750གསར་སྣོན་བྱ་རྒྱུ་ཡིན་པ་དེའི་སྤྱིའི་རིན་ཐང་ཨ་སྒོར་དུང་ཕྱུར་5500ཙམ་ཟིན་རྒྱུ་རེད་ཅེས་བཤད་པ་རེད།
         སྙན་ཞུའི་ནང་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་གྱི་ཁྲོམ་རའི་དགོས་མཁོའི་ཁྲོད་བཞི་ཆ་གསུམ་དེ་གནམ་གྲུའི་རུ་ཁག་གི་གཞི་ཁྱོན་ཆེ་རུ་གཏོང་རྒྱུའི་ཐད་སྤྱོད་རྒྱུ་དང་པོ་དབྱིན་ཐོན་གསར་པ་737དང་། 737MAXསོགས་གནམ་གྲུ་ཆུང་ཆུང་གི་མཁོ་ཚད་ཆེ་ཤོས་ཡིན་པའི་སྔོན་དཔག་བྱས་པ་རེད།
         སྙན་ཞུའི་ནང་གོང་ཁེ་བའི་མཁའ་འགྲུལ་གྱིས་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་གྱི་ཁྲོམ་རའི་ཐོབ་སྐལ་བཟུང་ཚད་45%ལས་བརྒལ་རྒྱུ་རེད་ཅེས་བཤད་པ་རེད།
         དུས་མཚུངས་པོ་དབྱིན་ཀུང་སིས་མ་འོངས་ཀྱི་ལོ་20ཡི་ནང་གོ་ལ་ཧྲིལ་པོར་གནམ་གྲུ་38050མང་དུ་གཏོང་རྒྱུ་ཡིན་པ་དེའི་སྤྱིའི་རིན་ཐང་ཨ་སྒོར་དུང་ཕྱུར་ཁྲི་5.6ཙམ་ཟིན་རྒྱུ་ཡིན་པའི་སྔོན་དཔག་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།