འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།།མཚོ་སྔོན་ཞིང་ཆེན་གྱི་ས་གནས་འབྱུང་རབས་ཀྱི་དྲ་བ་སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་12ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱི་ས་གནས་འབྱུང་རབས་དྲ་བ་སྤྱོད་འགོ་ཚུགས་པ་དེས་མཚོ་སྔོན་ཞིང་ཆེན་གྱི་ས་གནས་འབྱུང་རབས་ཆ་འཕྲིན་ཅན་འཛུགས་སྐྱོང་དེ་དུས་མཚམས་གསར་པར་སླེབས་ཤིང་། དྲ་ཚིགས་སྤྱོད་འགོ་ཚུགས་པ་དེས་མཚོ་སྔོན་ཞིང་ཆེན་གྱི་ས་གནས་འབྱུང་རབས་རིག་གནས་དེ་ལོ་རྒྱུས་ནང་འཁོད་རྒྱུ་དང་། བརྒྱུད་བསྒྲགས། བེད་སྤྱོད་བཅས་བྱ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་ཡིན་པ་རེད།
         མཚོ་སྔོན་ཞིང་ཆེན་གྱི་ས་གནས་འབྱུང་རབས་རྩོམ་སྒྲིག་ཨུ་ལྷན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱི་ས་གནས་འབྱུང་རབས་དྲ་ཚིགས་བཙུགས་པ་ནི་དུས་རབས་གསར་པ་དང་དུས་བབ་གསར་པའི་ས་གནས་འབྱུང་རབས་ལས་དོན་ནང་བཏོན་པའི་བླང་བྱ་གསར་པ་དང་འཚམ་པ་བྱ་ཆེད་དུ་བརྟག་ཞིབ་དང་། དཔྱད་ཡིག་འཚོལ་བསྡུ། ལག་རྩལ་བློ་འདྲི་སོགས་ཀྱི་རྨང་གཞིའི་ཐོག་མཚོ་སྔོན་གསར་འགྱུར་དྲ་བར་བརྟེན་ནས་བཙུགས་པའི་མཚོ་སྔོན་གྱི་ས་གནས་འབྱུང་རབས་ཕྱོགས་ཡོངས་ནས་མཚོན་པའི་ལས་ཀའི་དྲ་ཚིགས་ཤིག་ཡིན་ཞིང་། ཞིང་ཆེན་གྱི་ཕྱོགས་བསྡུས་གནས་ཚུལ་དང་། སྒྲིག་གཞིའི་འགན་འཁྲི། ཁྲིམས་སྲོལ་ལམ་ལུགས། ལས་ཀའི་འགུལ་རྣམ། འབྱུང་རབས་ཀྱི་གླེང་སྟེགས། འབྱུང་རབས་ཀྱི་གྲུབ་འབྲས། འབྱུང་རབས་ཀྱི་རིག་གནས་ཀུན་བཏུས་སོགས་ལེ་ཚན་7ཡོད་པ་དེ་ཡི་གེ་དང་པར་རིས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་ས་གནས་འབྱུང་རབས་ཀྱི་ལས་ཀའི་འགུལ་རྣམ་དང་། ཁྲིམས་སྲོལ་ཡིག་ཆ། འབྱུང་རབས་སྒྲིག་བཟོ་སོགས་ཀྱི་ནང་དོན་ཁྱབ་བསྒྲགས་བྱས་ཡོད།
         མཚོ་སྔོན་ཞིང་ཆེན་གྱི་ས་གནས་འབྱུང་རབས་དྲ་བ་སྤྱོད་འགོ་ཚུགས་པ་དེས་མཚོ་སྔོན་ཞིང་ཆེན་གྱི་ས་གནས་འབྱུང་རབས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་ལས་དོན་ལ་ཚད་བརྒལ་གསར་པ་བྱུང་བ་མ་ཟད། སྤྱི་ཚོགས་ལས་རིགས་ཁག་གིས་མཚོ་སྔོན་གྱི་ས་གནས་འབྱུང་རབས་ཤེས་རྟོགས་བྱ་རྒྱུར་སྐར་ཁུང་དང་ཐབས་ལམ་གསར་པ་བཏོད་པར་གྱུར།
      

    ཕྱོགས་བསྡུས་གསར་འགྱུར།