འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇིས་ཀྲུང་གོར་དུས་ཡུན་ལོ་གཉིས་ནང་འགྲོ་འོང་ཐེངས་མང་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་12ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་6ཉིན་དབྱིན་ཇིའི་ནང་སྲིད་པུས་གསལ་བསྒྲགས་སྤེལ་བར། དབྱིན་ཇིས་ཚེས་11ཉིན་ནས་བཟུང་ཀྲུང་གོའི་སྤྱི་དམངས་ལ་དུས་ཡུན་ལོ་གཉིས་ནང་འགྲོ་འོང་ཐེངས་མང་ཆོག་པའི་ཐོངས་མཆན་གསར་རྐྱང་ཁྱབ་གདལ་གཏོང་འགོ་འཛུགས་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། དབྱིན་ཇིས་ཀྲུང་གོར་དུས་ཡུན་ལོ་གཉིས་ནང་འགྲོ་འོང་ཐེངས་མང་ཆོག་པའི་ཐོངས་མཆན་སྤྲོད་པ་དེ་ནི་དབྱིན་ཇིར་ཡུལ་སྐོར་དང་། ཚོང་དོན། ཚོགས་འདུ་དང་དེ་བཞིན་ཚོང་དོན་རྟོག་ཞིབ་བཅས་བྱེད་པར་ཡོང་བའི་མི་ཚོགས་ལ་དམིགས་ནས་བཏོན་པ་ཞིག་རེད། ཐོངས་མཆན་གསར་པ་འགོད་པའི་རེ་ཞུའི་གྲོན་དངུལ་དེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཟླ་དྲུག་རིང་གི་འཚམས་འདྲིའི་ཐོངས་མཆན་གྲོན་དངུལ་དབྱིན་སྒོར་85དང་གཅིག་མཚུངས་ཡིན་པ་རེད།
         དབྱིན་ཇིའི་ནང་སྲིད་པུས་ད་དུང་ཁྱབ་བསྒྲགས་བྱས་པར། མཛུབ་རིས་བསྡུ་འཇུག་ཞབས་འདེགས་ཞུ་ཡུལ་དེ་ཀྲུང་གོའི་གྲོང་ཁྱེར་9ནས་50བར་རྒྱ་ཆེར་གཏོང་རྩིས་ཡོད་པ་རེད།
         དབྱིན་ཇིའི་གནས་སྤོས་ཡུལ་མིའི་བློན་ཆེན་ཀྲན་མུའུ་སི·པུའུ་ལུའོ་ཁེན་ཤིར་གྱིས་ཉེ་བའི་ལོ་ཤས་རིང་དབྱིན་ཇིར་ཡོང་མཁན་ཀྲུང་གོའི་ཡུལ་སྐོར་བ་སྔར་ལས་མང་དུ་འགྲོ་བཞིན་ཡོད། གསར་དུ་ཐོན་པའི་དུས་ཡུན་ལོ་གཉིས་ཀྱི་ཐོངས་མཆན་འགོད་པ་དེས་དབྱིན་ཇིར་ཡོང་མཁན་ཀྲུང་གོ་བར་སྟབས་བདེ་དེ་བས་མང་བ་ཡོང་རེ་བྱེད་ཀྱི་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།