འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀེ་ཏེ་བུམ་པའི་འཛམ་གླིང་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་
    ཀྲུང་གོར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་12ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ལོ་40ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཀེ་ཏེ་བུམ་པའི་འཛམ་གླིང་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་དེ་འདི་ལོའི་ཟླ་བརྒྱད་པར་ཀྲུང་གོའི་ཧྲན་དབྱང་དུ་གཉེར་རྒྱུ་རེད། སྐབས་དེ་དུས་འཛམ་གླིང་ས་ཕྱོགས་ཁག་ནས་ཡོང་བའི་རྐང་རྩེད་སྤོ་ལོའི་རུ་ཁག་800ལྷག་ཙམ་གྱི་གཞོན་ནུ་ལོ་ཆུང་ལུས་རྩལ་པ་ཁྲི་གཉིས་ལྷག་ཙམ་རྒྱལ་སྤྱིའི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་འདུ་ཚོགས་དེར་ཞུགས་རྒྱུ་རེད།
         ཀེ་ཏེ་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་1975ལོར་སུའེ་ཏེན་གྱི་ཀེ་ཏེ་པའོ་གྲོང་ཁྱེར་དུ་གཉེར་འགོ་ཚུགས་པ་དང་མིག་སྔར་རིམ་རྩིས་བྱས་ན་རྒྱལ་ཁབ་དང་ས་ཁུལ་150ལྷག་ཙམ་དེའི་ནང་ཞུགས་པ་དང་ཞུགས་མཁན་མི་གྲངས་ཁྲི་100ལས་བརྒལ་ཅིང་། 2007ལོར་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱིས“འཛམ་གླིང་གཞོན་ནུ་ལོ་ཆུང་གི་བུམ་པའི”མིང་རྟགས་སྤྲད་པ་རེད། 2015ལོའི་ཀེ་ཏེ་བུམ་པའི་འགྲན་བསྡུར་ཁྲོད་ཧའེ་ནན་ཆུང་ཀྲུང་བུད་མེད་རུ་ཁག་གིས་U12ཀྱི་བུད་མེད་ཚོགས་ཆུང་གི་ཨང་དང་པོ་བླངས་པ་རེད། “ཀེ་ཏེ་བུམ་པའི་ཀྲུང་གོའི”ཙུང་ཚའེ་གཞོན་པ་ཁྲེན་ཀྲུང་ཧུའེ་ཡིས་ཧྲན་དབྱང་གི་ཧུན་ཧོ་གཙང་པོའི་ལྷོ་ངོགས་སུ་ཡུག་འབྲེལ་རྐང་རྩེད་སྤོ་ལོའི་ཐང་ཆེན་40སྐྲུན་འགོ་ཚུགས་ནས་འབྲེལ་ཡོད་སྒྲིག་འཛུགས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།