འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲེན་ཀྲེན་གྱི་རི་ཉིལ་གནོད་འཚེ་བྱུང་ཁུལ་དུ་མྱུར་སྐྱོབ་མུ་མཐུད་བྱེད་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་25ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཧྲེན་ཀྲེན་གྱི་རི་ཉིལ་གནོད་འཚེ་བྱུང་ཁུལ་དུ་མྱུར་སྐྱོབ་མུ་མཐུད་བྱེད་བཞིན་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་24ཉིན་ནི་ཧྲེན་ཀྲེན་གྱི་རི་ཉིལ་གནོད་འཚེ་བྱུང་ཁུལ་དུ་མྱུར་སྐྱོབ་བྱས་ནས་ཉིན་ལྔ་སོང་བའི་ཉིན་མོ་ཡིན་ཞིང་། ཡུལ་དངོས་བཀོད་འདོམས་པུས་ནུས་ཤུགས་སྒྲིག་འཛུགས་བྱས་ཏེ་རེས་སྐོར་གྱིས་མྱུར་སྐྱོབ་ལས་དོན་སྤེལ་ཞིང་། གསོན་པོ་ཡོད་མེད་འཚོལ་ཞིབ་འཕྲུལ་ཆས་དང་འོད་རིག་ལེ་ཏ། ས་གཤིས་ལེ་ཏ་སོགས་ཀྱི་བྱེད་ཐབས་བཀོལ་ནས་འཚོལ་ཞིབ་བྱས་པ་དང་། རིམ་སྒྲིག་ཞིབ་བཤེར་ཐེངས་མང་བྱས་ནས་འབྲེལ་ཆད་མི་སྣ་མྱུར་སྐྱོབ་བྱས་པ་རེད། ཉིན་དེའི་ཕྱི་དྲོར་འཚོགས་པའི་ཧྲེན་ཀྲེན་གྱི་རི་ཉིལ་གནོད་འཚེའི་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བརྒྱད་པའི་ཐོག་བསྡོམས་རྩིས་ཐོག་མ་བྱས་པ་ལྟར་ན། ཐེངས་འདིའི་ཧྲེན་ཀྲེན་རི་ཉིལ་གནོད་འཚེ་ནང་ཁེ་ལས་90དང་ལས་བཟོ་4630ལ་གནོད་སྐྱོན་ཐེབས་པ་དང་། ཁེ་ལས་34སླར་གསོ་བྱེད་ཐབས་བྲལ་ཞིང་། ལས་བཟོ་2830དང་འབྲེལ་བ་ཡོད་པ་རེད།
    ༄༅།།ཧྲེན་ཀྲེན་གྱི་རི་ཉིལ་གནོད་འཚེ་བྱུང་ཁུལ་དུ་མྱུར་སྐྱོབ་མུ་མཐུད་བྱེད་བཞིན་ཡོད་པ།
    ༄༅།།ཧྲེན་ཀྲེན་གྱི་རི་ཉིལ་གནོད་འཚེ་བྱུང་ཁུལ་དུ་མྱུར་སྐྱོབ་མུ་མཐུད་བྱེད་བཞིན་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།