འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཕན་ཅི་ཝུན་གྱིས་ཧྲེན་ཀྲེན་གྱི་རི་ཉིལ་དོན་རྐྱེན་ཁྲོད་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་གནང་བ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་25ཉིན། 12:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་22ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་མགྲིན་ཚབ་པ་བརྒྱུད་གསལ་བསྒྲགས་སྤེལ་ནས་ཀྲུང་གོའི་ཧྲེན་ཀྲེན་གྱི་རི་ཉིལ་དོན་རྐྱེན་ཁྲོད་གནོད་འཚེ་ཕོག་པའི་མང་ཚོགས་དང་ཀྲུང་གོ་སྲིད་གཞུང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་རོགས་སྐྱོབ་བྱེད་བཞིན་པའི་བྱ་སྤྱོད་ནང་ལྟེས་དབང་གིས་སྲོག་ཉེན་ལས་ཐར་བའི་མི་སྔར་བས་མང་བ་བཙལ་འཚོལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད།
         ཉིན་དེའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་མགྲིན་ཚབ་པ་གཞོན་པ་ཧ་ཁེས་གསལ་བསྒྲགས་དེ་ཀློག་པ་རེད། གསལ་བསྒྲགས་ནང་ཕན་ཅི་ཝུན་གྱིས་ཧྲེན་ཀྲེན་གྱི་རི་ཉིལ་དོན་རྐྱེན་ཁྲོད་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་འབྲེལ་ཀྲུང་གོ་མི་དམངས་དང་ཀྲུང་གོ་སྲིད་གཞུང་དང་མཉམ་དུ་ལངས་ཡོད་ཅེས་བཤད་པ་རེད།
         ཟླ་12ཚེས་20ཉིན་ཀྲུང་གོའི་ཀོང་ཏུང་ཧྲེན་ཀྲེན་གྲོང་ཁྱེར་འོད་ཟེར་ཁུལ་གསར་ཕུང་ཧོང་སྡེ་ཁུལ་ཧེན་ཐའེ་ཡུས་བཟོ་ལས་གླིང་དུ་རི་ཉིལ་གྱི་དོན་རྐྱེན་ཐོན་ནས་བཟོ་སྐྲུན་དངོས་པོ་སྟར་པ་33ས་སྦས་ཐེབས་པའམ་ཡང་ན་ཚད་མི་འདྲ་བའི་གཏོར་སྐྱོན་ཕོག་པས་མི་བཅུ་ཕྲག་ཁ་ཤས་དོན་རྐྱེན་ཁྲོད་འབྲེལ་ཐག་ཆད་པ་རེད། མིག་སྔར་རོགས་སྐྱོབ་བྱ་སྤྱོད་སྔར་བཞིན་མུ་མཐུད་སྤེལ་བཞིན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།