འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།སྲོག་ཆགས་ཆེ་གྲས་སྟོངས་པ་དེས་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཐེབས་སྲིད། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་25ཉིན། 12:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་དབྱིན་ཇིའི་ཏུང་དབྱིན་ཅི་ལི་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི་ཞིབ་འཇུག་ནང་། ཆར་ཆུ་མང་བའི་ཚ་ཁུལ་ནང་ཤིང་འབྲས་ལ་བརྟེན་ནས་འཚོ་མཁན་སྲོག་ཆགས་ཆེ་གྲས་ཀྱི་གྲངས་འབོར་ཉུང་དུ་འགྲོ་བ་དང་ཐ་ན་རྩ་སྟོང་ཕྱིན་ཚེ། ཐཱན་གསོག་གི་ནུས་པ་ལྡན་པའི་རྩི་ཤིང་སྐྱེ་འཚར་ཡོང་རྒྱུར་ཤུགས་རྐྱེན་ཐེབས་ནས། གནམ་གཤིས་ལ་འགྱུར་ལྡོག་འགྲོ་བའི་གནས་ཚུལ་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པའི་སྐོར་བརྗོད་ཡོད།
         ཞིབ་འཇུག་སྙན་ཞུ་དེ་རྒྱལ་སྤྱིའི་ཞིབ་འཇུག་ཚོགས་པས་མཉམ་དུ་ལེགས་གྲུབ་བྱུང་བ་ཞིག་ཡིན་ཞིང་། ཁོང་ཚོས་པར་ཙིར་གྱི་ནགས་ཚལ་གྱི་ལྗོན་ཤིང་སྣ་ཁ་2000དང་སྲོག་ཆགས་སྣ་ཁ་800ཙམ་གྱི་སྲོག་ཆགས་གྲངས་གཞིར་དབྱེ་ཞིབ་བྱས་ནས་ཤེས་རྟོགས་བྱུང་བར། ནགས་ཚལ་ཁྲོད་ཤིང་འབྲས་ལ་བརྟེན་ནས་འཚོ་མཁན་སྲོག་ཆགས་ནང་བྱ་མཆུ་ཆེན་སོགས་ཡོད། སྲོག་ཆགས་དེ་དག་གིས་ཤིང་འབྲས་འཁྱུར་མིད་བཏང་རྗེས། དེའི་འབྲུ་གུ་ས་ཆ་གཞན་དུ་འཁྱེར་གྱི་ཡོད་པས། དེ་ནི་ལྗོན་ཤིང་སྐྱེ་བའི་ཐབས་གལ་ཆེན་ཡིན་པ་ཤེས་རྟོགས་བྱུང་ཡོད།
         ཞིབ་འཇུག་པ་དེས་མིག་སྔར་ཚ་ཁུལ་དུ་གནས་པའི་རྒྱལ་ཁབ་ཀྱིས་ཐཱན་འབུད་ཚད་ཉུང་དུ་གཏོང་བའི་སྲིད་ཇུས་ཁྱབ་གདལ་གཏོང་རྒྱུ་དེ་གཙོ་བོ་ནགས་ཚལ་གང་བྱུང་དུ་གཅོད་པ་དང་ནགས་ཚལ་བྱེ་སར་འགྱུར་བ་འགོག་རྒྱུའི་ཐད་འཇོག་གི་ཡོད། འོན་ཀྱང་ཞིབ་འཇུག་དེ་ཐོག་ནས་རྒྱལ་ཁབ་ཁག་གིས་རྩི་ཤིང་ལ་བརྟེན་མཁན་སྲོག་ཆགས་ཀྱི་གྲངས་འབོར་སྲུང་སྐྱོང་བྱ་རྒྱུའི་ཐད་འཇོག་རྒྱུར་དེ་བས་མཐོང་ཆེན་བྱེད་དགོས་ལུགས་བསྟན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།